ཁམས་མི་ཉག་སྨུག་རོང་ཡུལ་གྱི་ཀོ་བཟོའི་ལག་རྩལ་སྐོར།

སྨུག་རོང་ཐུབ་བསྟན་དར་རྒྱས།        2015-08-06

ཁམས་མི་ཉག་སྨུག་རོང་ཡུལ་གྱི་ཀོ་བཟོའི་ལག་རྩལ་སྐོར།

ཁམས་མི་ཉག་སྨུག་རོང་ཡུལ་དུ་གནའ་ནས་ཟོག་གི་ཀོ་བ་སོགས་མཉེ་རྒྱུ་དང་དྲ་རྒྱུ།བཟོ་རྒྱུ་སོགས་རང་རང་འཚོ་བའི་ནང་དགོས་མཁོ་དང་བསྟུན་ནས་འདྲ་མིན་སྣ་ཚོགས་བཟོ་སྐྲུན་བྱེད་སྲོལ་ཡོད།དཔེར་ན་པགས་པའི་གོས་རིགས་སྣ་ཚོགས་དང་ཀོ་ལྷམ་སྣ་ཚོགས།དེ་མིན་ཀོ་སྒམ་དང་ཀོ་བུའི་འབོལ།  ཏ་ལེན་དང་ཀོ་ཏ།སྒྲོ་བ་དང་མདོ་གྲོ།སྲབ་མཐུར་དང་སྒ་སྟན་ལ་སོགས་པ་བཟོ་བའི་ལག་རྩལ་མཐོན་པོ་ཕྱོགས་གང་ཐད་ནས་ཤེས་ཡོན་དང་ལག་རྩལ་ཅན་མང་བ་དང་རང་རང་ལ་དགོས་མཁོ་ཡོད་ཚད་མཁོ་འདོད་བཟོ་ཐུབ་ཅིང་ཅ་ལག་ནོམ་ཆེན་བཟོ་བ་སོགས་རང་སྐྱ་ཐུབ་པའི་ལུང་པའམ་ཡུལ་སྡེ་ཞིག་རེད་ཡོད་ཀྱང་དེང་སང་ཕྱོགས་ཡོངས་ནས་ལག་ཤེས་བཟོ་ལས་ལ་ཉམས་རྒུད་བྱུང་ཡོད་པ་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན་ཕྱིར་ན་གཞོན་རྣམས་ཀྱིས་བསམ་བློ་ཞིབ་ཏུ་བཏང་ནས་ཉམས་གསོ་དང་སོར་ཆུད་བྱེད་དགོས་པའི་ལས་འགན་ལྕི་མོ་མང་ཐག་ཆོད་ཅིག་ཁྱེད་ཀྱི་མདུན་དུ་ལུས་འདུག་གོ།

ཁམས་མི་ཉག་སྨུག་རོང་ཡུལ་གྱི་ཀོ་བཟོའི་ལག་རྩལ་སྐོར།ཁམས་མི་ཉག་སྨུག་རོང་ཡུལ་གྱི་ཀོ་བཟོའི་ལག་རྩལ་སྐོར།ཁམས་མི་ཉག་སྨུག་རོང་ཡུལ་གྱི་ཀོ་བཟོའི་ལག་རྩལ་སྐོར།

  • ལེ་ཚན་སྔོན་མ།:ཁམས་མི་ཉག་སྨུག་རོང་ཡུལ་གྱི་ཤིང་བཟོའི་ལག་རྩལ།
  • ལེ་ཚན་རྗེས་མ།:འཇོལ་གྱི་ནས་ཆང་བཙག་སྲོལ།
  • དོ་སྣང་ཆེ་བའི་རྩོམ།