ཁམས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་བཅོ་ལྔ་མཆོད་པ།

སྦྲ་ཚེ་རིང་དབང་འདུས།        2018-03-06

ཁམས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་བཅོ་ལྔ་མཆོད་པ།

      བཅོ་ལྔ་མཆོད་པ་ནི་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཆོ་འཕྲུལ་དུས་ཆེན་ཉིན་ཏེ། རྗེ་ཙོང་ཁ་པ་ཆེན་པོས་སྲོལ་བཏོད་པའི་མཛད་རྗེས་བཞིའི་གྲས་ཤིག་ཡིན། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་དེའི་སྲོལ་རྒྱུན་བསྐྱངས་ནས་ལོ་བཞི་བརྒྱ་སོང་ཡོད། མར་ཚོན་མཆོད་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ལག་རྩལ་རྙིང་པའི་གྲས་སུ་གཏོགས་པ་དང་། བོད་རང་ནས་ཐོན་པའི་རྒྱུ་ཆ་མར་གྱི་ནང་དུ་གཏེར་ཚོན་སྣ་ཚོགས་བསྲེས་ནས་ཁེངས་སུ་བཅུག་རྗེས། སྟོན་པ་དང་རྒྱན་དྲུག་མཆོག་གཉིས། རྗེ་ཡབ་སྲས་གསུམ་སོགས་ཀྱི་སྐུ་བརྙན་དང་། ལྷ་དང་ལྷ་མོའི་སྒེག་ཉམས། ཚེ་རིང་དྲུག་སྐོར། མཐུན་པ་སྤུན་བཞི། རྩི་ཤིང་མེ་ཏོག  བྱ་དང་རི་དྭགས་སོགས་སྒྱུ་རྩལ་གྱིས་ཀུན་ནས་ཕྱུག་པའི་གཟུགས་བརྙན་གསོན་ཉམས་དོད་པོ་སྒྱུ་རྩལ་པའི་ཕྱག་སོར་བརྒྱུད་ནས་མིག་གི་ལོངས་སྤྱོད་དུ་གྲུབ་པ་རེད། མར་ཚོན་མཆོད་པ་ནི་གཟུགས་མེད་རིག་གནས་ཤུལ་བཞག་གལ་ཆེན་ཡིན་ཞིང་ཐང་ག་དང་ལྡེབས་རིས་བསྣན་ནས་བོད་ཀྱི་སྒྱུ་རྩལ་ཕུལ་བྱུང་ཆེ་གྲས་གསུམ་དུ་གྲགས་སོ།།

ཁམས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་བཅོ་ལྔ་མཆོད་པ།
ཁམས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་བཅོ་ལྔ་མཆོད་པ།
ཁམས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་བཅོ་ལྔ་མཆོད་པ།

      མར་ཚོན་གྱི་མཆོད་པའི་བཟོ་རིམ་རྙོག་དྲ་ཆེ་ཞིང་དཀའ་ཚེགས་ཅན་ཞིག་ཡིན་ཞིང་། མར་ཚོན་གྱི་བརྩམས་ཆོས་ཤིག་བཟོ་དགོས་ན་ཐོག་མར་བཟོ་བྱའི་ཡུལ་གཏན་འཁེལ་དགོས་པ་དང་། དེ་ནས་མར་མཉེད་རྗེས་ཚོན་རྫས་བསྲེས་ནས་ཚོན་མར་བཟོ་དགོས། དེ་ནས་བཟོ་དབྱིབས་བཞེངས་པ་དང་། མཐར་རགས་བྲིས་དང་ཞིབ་བྲིས། རྒྱན་སྤུད་བཅས་བྱ་དགོས་པ་རེད།

ཁམས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་བཅོ་ལྔ་མཆོད་པ།
ཁམས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་བཅོ་ལྔ་མཆོད་པ།
ཁམས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་བཅོ་ལྔ་མཆོད་པ།

      ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ལ་ལི་ཐང་དགོན་ཡང་ཟེར་ཞིང་། སི་ཁྲོན་དཀར་མཛེས་ཁུལ་ལི་ཐང་རྫོང་དུ་ཆགས་པ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགེ་ལུགས་དགོན་ཆེན་བདུན་གྱི་ཡ་གྱལ་ཡིན་ལ། རྒྱལ་ཁབ་རིམ་པའི་རིག་རྫས་སྲུང་སྐྱོང་བྱེད་ཡུལ་གཙོ་བོ་ཡང་ཡིན་ནོ།།

  • ལེ་ཚན་སྔོན་མ།:རྟའུ་རྣམ་རྒྱལ་མཆོད་རྟེན།
  • ལེ་ཚན་རྗེས་མ།:འཁེལ་འཐག་གི་ཐོན་རྫས་གཙོ་བོ།
  • དོ་སྣང་ཆེ་བའི་རྩོམ།