བོད་དུ་ཀོ་བཟོ་དར་བའི་དུས་དང་དེའི་འཕེལ་རིམ།

        2010-05-27

དཔྱད་གཞིའི་ཡིག་རིགས་སོགས་སུ་ངོ་སྤྲོད་བྱས་པར་གཞིགས་ན།གནའ་རབས་སྐལ་པ་ཡ་ཐོག་དུས་སུ་བོད་དུ་ཞིང་ལས་མ་དར་བའི་སྔོན་དུ་འཚོ་བའི་རྟེན་ས་འབྲོག་ལས་དང་ཉ་ལས།རི་དྭགས་རྔོན་པ་བཅས་ཡིན་པས་ཐོན་སྐྱེད་བྱེད་པའི་གོ་རིམ་ནང་རི་དྭགས་དང་གཅན་གཟན་སྣ་ཚོགས་ཀྱི་འགུལ་བསྐྱོད་ཆོས་ཉིད་དང་།ལྤགས་པའི་ཁྱད་ཆོས་ཤེས་པར་རིམ་གྱིས་པགས་རིགས་གྱོན་པའི་སྲོལ་དར་བ་རེད།  དེ་བས་ལྤགས་པ་ཉིད་མ་མཉེད་ན་གྱོང་པོ་ཡིན་པས་གྱོན་མི་བདེ་བའི་དབང་གིས་རིམ་བཞིན་ལག་ལེན་དངོས་ཀྱི་ཁྲོད་དུ་ཉམས་མྱོང་གསོག་འཐོག་བྱས་མཐར།རི་དྭགས་སྣ་ཚོགས་ཀྱི་ལྤགས་པ་མཉེད་འདུལ་བྱས་ཏེ་གོས་དང་།ཞྭ།ལྷམ།ཕོར་བ།སྡེར་མ།སྒམ།ཁྲབ།ཀོ་གྲུ།མི་དང་སྲོག་ཆགས་ཀྱི་འདྲ་གཟུགས་སོགས་བཟོ་བའི་ལག་རྩལ་དར་བར་བརྟེན།སྤྱི་ལོ་དུས་རབས་དང་པོའི་ཡས་མས་སུ་སླེབས་སྐབས་ཀོ་བ་ལས་བཟོས་པའི་ཕོར་པ་དང་།སྡེར་མ།སྟབས་བདེའི་གོ་ཁྲབ་བཅས་བཟོ་ཤེས་པ་རེད།དུས་རབས་བརྒྱད་པའི་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་སྐབས་རྒྱལ་པོས་རྒྱུན་དུ་བལྟ་ཀློག་བྱེད་རྒྱུའི་དཔེ་ཆའི་གྲས《འབུམ་རྒྱས་འབྲིང་བསྡུས་གསུམ》དང་གལ་ཆེའི་སྨན་གཞུང་འགའ་ཞིག་ཤ་བའི་པགས་པ་ལས་བཟོས་པའི་སྒམ་གྱི་ནང་དུ་འཇོག་པའི་དབང་གིས་མིང་ལ་ཡང་རྒྱལ་པོའི་བླ་ཡིག་ཤ་སྒྲོ་ཅན་ཞེས་འབོད་པའི་གནས་ཚུལ་བཅས་《བཀའ་འགྱུར་དཀར་ཆགས》མང་པོའི་ནང་བཀོད་ཡོད་པ་རེད།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:བོད་དུ་ཀོ་བཟོ་དར་བའི་དུས་དང་དེའི་འཕེལ་རིམ།
  • དོ་སྣང་ཆེ་བའི་རྩོམ།