རྩིག་ངོས་སུ་ས་ཚོན་སྒྲོན་པའི་སྲོལ།

        2013-05-30

བོད་ཀྱི་དགོན་པ་དང་།ལྷ་ཁང་།ཁྱིམ་ཚང་བཅས་ཀྱི་རྩིག་ངོས་སུ་ས་དཀར་དམར་སེར་ནག་སོགས་སྒྲོན་པའི་སྲོལ་ཞིག་གང་སར་མཐོང་རྒྱུ་ཡོད།ལྷག་པར་དུ་སྟོད་ཕྱོགས་སུ་དེ་བས་མང་བ་ཡོད།ཁང་པའི་རྩིག་ངོས་ཀྱི་གཞུང་ལ་ས་དཀར་དམར་ནག་གསུམ་དྲང་པོར་གཏོང་བའི་ལུགས་དེ་ནི་ཞི་རྒྱས་དབང་དྲག་དང་།རིགས་གསུམ་མགོན་པོ་སོགས་ཀྱི་མཚོན་ཚུལ་ཐུབ་མོང་མིན་པ་ཞིག་ཡིན།ས་དཀར་ནི་ནད་གདོན་བར་ཆད་ཞི་བར་བྱེད་པའི་རྟགས་དང་།ས་དམར་ནི་ཁམས་གསུམ་དབང་དུ་འདུ་བའི་རྟགས།ས་སེར་པོ་ནི་ཚེ་དང་བསོད་ནམས་རྒྱས་པར་བྱེད་པའི་རྟགས།ས་ནག་པོ་ནི་དགྲ་བགེགས་ཕྱེ་མར་བརླགས་པའི་རྟགས་བཅས་ཡིན།དེ་ནི་གྲོགས་པོ་ཕྱི་གླིང་པ་ཚོས་ལས་ཀ་ཚང་མ་ལམ་ལྷོང་དང་འཇིགས་པ་ཀུན་ལས་ཐར་བར་བྱ་ཆེད་དུ་ལྷ་ཚངས་པར་སྐྱབས་བཅོལ་ཞུ་བའི་ངང་ཚུལ་དང་གཉིས་སུ་མ་མཆིས་པའི་གནའ་སྔ་མོའི་ཡུལ་སྲོལ་ཁྱད་པར་ཅན་ཞིག་རེད།ད་དུང་བོད་པ་རྣམས་ཀྱིས་འདས་པའི་ལོ་རྒྱུས་ནང་རང་གི་ཡུལ་བབ་ལ་བསྟུན་ནས་སོག་པོ་སྟག་ཁྲིད་དང་གེ་སར་རྒྱལ་པོ་སོགས་རིགས་གསུམ་མགོན་པོའི་ཚུལ་དུ་བཀུར་ནས་སྐྱབས་བཅོལ་ཞུ་བའི་ལམ་སྲོལ་ཡང་དར་ཡོད།འོན་ཀྱང་ད་ལྟའི་དུས་སུ་ཚོན་དང་རི་མོ་དེ་རིགས་མི་རིགས་རང་གི་ཁང་པའི་མཛེས་རྒྱན་ཙམ་ལ་གྱུར་ནས།བསྟན་བྱའི་དོན་གྱི་སྙིང་པོ་གང་ཡིན་ལ་དོ་སྣང་མཛད་མཁན་དེ་ཙམ་མང་པོ་མེད།
  • ལེ་ཚན་སྔོན་མ།:སྤེན་བད།
  • ལེ་ཚན་རྗེས་མ།:ཤོ་ལ་སོགས་པའི་རིག་རྩེད།
  • དོ་སྣང་ཆེ་བའི་རྩོམ།