མི་རྒོད་མཚོ་ཡི་གཏམ་རྒྱུད།

གངས་དབང་།        2015-08-10

མི་རྒོད་མཚོ་ཡི་གཏམ་རྒྱུད།

གནའ་སྔ་མོ་སྔ་མོ་ཞིག་ལ་འགུ་ཐང་ས་ཆ་ཡི་རི་རྒྱབ་ལ་མི་རྒོད་ཚོ་ཁག་ཅིག་ཡོད།ལོ་ལྟར་དཔྱིད་ཁར་ས་ཞིང་རྨོ་བ་དང་དབྱར་ཁར་ཡུར་མ་རྒྱག་བ།སྟོན་ཁར་ལོ་ཏོག་བསྡུ་བའི་དུས་སུ་མི་རྒོད་རྣམས་ཀྱིས་མི་ལ་ལད་མོ་བྱས་ཏེ་ཞིང་ནང་གི་ས་བོན་བརྐོས་ལ་མྱུ་གུ་འབལ།འབྲས་བུ་བཅད་པས་ཞིང་པ་རྣམས་ལ་གྱོང་གུན་ཆེན་པོ་བཟོས།ཉིན་ཞིག་ལ་གྲོང་པའི་ཕོ་སར་རྣམས་ཀྱིས་ཆང་རྫ་ནང་ལ་ཆུ་གང་བླུགས།ཕོར་རུ་ཆེན་པོ་འགའ་དང་ཕག་ཤ་ཚོན་པོ།སྦྲང་རྩི།ཤིང་གྲི་རིང་པོ་བཅས་ཁུར་ནས་ཞིང་ནང་དུ་ཆང་འཐུང་ཁུལ་དང་བཟི་མདོག་བྱས་ནས་འབུ་སྦྲང་འགྲམ་པ་ལ་བྱུགས།ཤིང་གྲི་རིང་པོ་འཕྱར་ཏེ་འཛིང་ཁུལ་གྱིས་ཚང་མ་ས་ཐོག་ལ་འགྱེལ་མདོག་བྱས།ཕོ་སར་ཞིག་ལྐོག་ཏུ་གྲོང་པ་ལ་ལོག་རྗེས་མི་རྒོད་རྣམས་ཀྱིས་གོ་མེད་ཚོར་མེད་ངང་ཆང་ངོ་མ་བླུགས་པའི་རྫ་མ་དང་ཕག་ཤ་ཚོན་པོ།སྦྲང་རྩི།གྲི་རྣོ་ལ་རིང་བ་བཅས་ཁུར་ནས་ཞིང་ནང་དུ་བཞག་རྗེས་མི་རྒོད་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་མི་རྣམས་ལ་ལད་མོ་བྱས་ཏེ་ཆང་ཧམ་འཐུང་དང་ཤ་ཧམ་བཟའ་བྱས་པས་བཟི།།སྦྲང་རྩི་རྣམས་ངོ་ལ་བྱུགས་པས་མིག་འབྱར།གྲི་རྣོན་པོ་གཡུག་རེས་བྱས་མཐར་འགོ་ཁྲིད་མཁན་གྱི་མི་རྒོད་དེ་མ་གཏོགས་ཚང་མ་ཤི་ལམ་དུ་སོང་།དེ་ནས་འགྲོ་ཁྲིད་མཁན་གྱི་མི་རྒོད་དེ་སེམས་པ་ཧ་ཅང་སྡུག་ནས་ངུ་བཞིན་དུ་ས་ཆ་དེ་དང་ཁ་བྲལ་ནས་བཞག་བྲ་ལྷ་རྩེ་དང་ཐག་མི་རིང་བའི་ས་ན་རྡོ་ཕ་བོང་ཞིག་གི་ཐོག་ལ་བསྡད་ནས་ངུ་འབོད་བྱས་པས་མིག་ཆུ་རྣམས་མཚོ་ཞིག་ལ་འཁྱིལ།དེ་ནས་བཟུང་མི་རྣམས་ཀྱིས་མཚོ་དེ་ལ་མི་རྒོད་མཚོ་ཞེས་འབོད་པར་གྲགས་ལ་དེང་སང་དར་མདོ་ས་ཁུལ་གྱི་སྐད་གྲགས་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་ཤིག་ཡིན་ནོ།།

  • ལེ་ཚན་སྔོན་མ།:ཁམས་མི་ཉག་སྨུག་རོང་གི་མཚོ་དཀར་མ།
  • ལེ་ཚན་རྗེས་མ།:ལ་རྒྱབ་ཚ་ཆུའི་ངོ་སྤྲོད་མདོར་བསྡུས།