ལུང་བསྟན་འབྲུག་མོ་མཚོ།

བདེ་ཆེན།        2015-08-10

ལུང་བསྟན་འབྲུག་མོ་མཚོ།

བཤད་རྒྱུན་ལྟར་ན་ས་འདི་གར་ཆུ་མིག་ཆུང་ཆུང་ཞིག་ལས་ཐོག་མ་ཉིད་ནས་མཚོ་ཞིག་ཡོད་མྱོང་མེད།གླིང་གེ་སར་རྒྱལ་པོའི་བཙུན་མོ་འབྲུག་མོས་ཉིན་རྒྱུན་ཆུ་མིག་འདིའི་འགྲམ་ནས་ངོ་བཀྲུས་སྐྲ་ཤད་ཀྱིས་མཛེས་འཆོས་སྤྲས་བཞིན་ཡོད་པ་དང་།ཉིན་ཞིག་ལ་ཁོང་གི་རིན་ཆེན་མརྒད་ཀྱི་སྐྲ་བརྒྱན་ཞིག་ཡོད་པ་དེ་ཆུ་མིག་འདིའི་འགྲམ་དུ་ལུས།ཉིན་གཉིས་པར་འཚོལ་དུ་འགྲོ་སྐབས།རིན་ཆེན་མརྒད་ཀྱི་སྐྲ་རྒྱན་མཐོང་སར་མི་འདུག་པར་མ་ཟད་རླབས་སྔོན་ཡམ་ཡོམ་དུ་གཡོ་བའི་མཚེའུ་ཞིག་ལ་གྱུར་ཡོད་པ་དེ་རེད།ཁོང་གི་དེར་འཐོར་སོང་བའི་སྐྲའི་ཉག་མ་རེ་རེའང་མཚེའུ་ཁྲོད་ཀྱི་རྩྭ་རྐང་རེ་རེར་གྱུར་འདུག  དེང་སྐབས་མཚོ་འདི་ལ་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ༠.༦ཡོད་ལ།མཚོ་ངོས་དྭངས་ཤིང་གཙང་ལ།རྒྱུན་པར་བྱ་ངུར་བ་སོགས་འདབ་ཆགས་ཀྱི་རིགས་གང་མང་འཚོ་སྡོད་བྱས་ཡོད་པར་མ་ཟད།དུས་ཚིགས་སོ་སོར་མཚོའི་ཁ་དོག་ཀྱང་འགྱུར་ལྡོག་འགྲོ་བའི་ངོ་མཚར་བའི་ཁྱད་ཆོས་ལྡན་ལ།མཚོ་མོའི་འགྲམ་དུ་ཤིང་སྡོང་དང་རྩི་ཤིང་སོགས་གང་མང་སྐྱེས་ཡོད་པར་མ་ཟད།ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་གསོམ་སྡོང་ཞིག་ཀྱང་ཀྲོང་ངེར་འགྱིང་ཡོད།།

ལུང་བསྟན་འབྲུག་མོ་མཚོ།

  • ལེ་ཚན་སྔོན་མ།:ལུས་སེམས་མྱོས་བར་བྱས་པའི་པད་མའི་མཚོ་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:ཁམས་མི་ཉག་སྨུག་རོང་གི་མཚོ་དཀར་མ།