ལྷག་བསམ་གྱི་ཉི་མ་མཁའ་དབྱིངས་ནས་འཚེར།། དམངས་སེམས་ཀྱི་མུན་པ་ཕྱོགས་ཀུན་ནས་བསལ།།

མིག་དམར་དོན་འགྲུབ་ཀྱིས་བྲིས།        2018-07-20

   ལྷག་བསམ་གྱི་ཉི་མ་མཁའ་དབྱིངས་ནས་འཚེར།། དམངས་སེམས་ཀྱི་མུན་པ་ཕྱོགས་ཀུན་ནས་བསལ།།

   འགྱུར་མེད་ཀྱི་དད་སེམས་ལྡན་ཞིང་ཏང་ལ་བློ་དཀར་བ།

   སངས་རྒྱས་ཉི་མ་སློབ་འབྲིང་ནས་སློབ་ཆེན་བར་མར་ལེ་རིང་ལུགས་ཀྱི་ཤུགས་རྐྱེན་འོག ན་གཞོན་སྐབས་ནས་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་ཆགས་པས་ཏང་གི་རིགས་གཞུང་གསར་གཏོད་ཐད་ཤེས་རྟོགས་དང་དང་ལེན་བྱེད་ཐུབ་པར་མ་ཟད་ནང་སེམས་ཀྱི་དད་མོས་ཤིག་ཏུ་གྱུར།

   ཅི་འདྲའི་ངང་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་གྱིས་ཏང་གི་བཀའ་དྲིན་ཚོར་བ་དང་མེས་རྒྱལ་ལ་དགའ་བ། ཁྲིམས་ལུགས་སྲུང་བ། འབྱོར་འབྲིང་དུ་བསྐྱོད་པ་བཅས་སྣེ་ཁྲིད་བྱེད་པ་ལ་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ནི་དཀར་མཛེས་བོད་རིགས་ས་ཁུལ་གྱི་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་དང་དམ་འཛིན་ཏན་ཏིག་བྱ་དགོས་པའི་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་རེད། བོད་རིགས་ས་ཁུལ་གྱི་གཞི་རིམ་གྱི་སྒྲོག་འགྲེལ་པ་ཞིག་བྱ་དགོས་ན་དང་ཐོག་འགྱུར་མེད་ཀྱི་དད་སེམས་དང་ཏང་ལ་བློ་དཀར་བ་ཞིག་དགོས་ཞེས་ཁོས་དེ་ལྟར་བཤད་པས་མ་ཚད་ལག་ལེན་དངོས་སུ་བསྟར་བ་རེད། སྒྲོག་འགྲེལ་པའི་ལས་གནས་ཐོག་ཞུགས་པ་ནས་བཟུང་། ཁོས་དཔེ་ཀློག་གི་ཁྱབ་ཁོངས་དེ་ལྷུག་རྩོམ་དང་བརྩམས་སྒྲུང་། སྙན་ཚིག ལོ་རྒྱུས་ཀྱི་གཏམ་རྒྱུད་བཅས་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས། འཕེལ་རྒྱས་ཀྱི་དངོས་བྲིས་ཅན་དང་དཔེ་མཚོན་གྱི་གྱོད་དཔེ་ཅན་བཅས་སུ་བསྒྱུར་བས་མ་ཚད། ཁོ་རང་གིས་སྒྲོག་འགྲེལ་མ་བྱེད་པའི་སྔོན་དུ་གྲ་སྒྲིག་ལེགས་པོ་དང་སྒྲོག་འགྲེལ་བྱེད་དུས་བརྒྱུད་རིམ་ཧྲིལ་པོར་དོ་ཁུར། སྒྲོག་འགྲེལ་བྱས་རྗེས་ཕྱོགས་བསྡོམས་ཞིབ་ཕྲ་བྱས་པས་སྐད་ཆ་ཅི་ཞིག་བཤད་པ་དང་དོན་དག་ཅི་ཞིག་བསྒྲུབས་ནའང་རང་བློ་བདེ་ཞིང་གཞན་སེམས་འགུག་ཐུབ་པར་གྱུར།

   སྒྲོག་འགྲེལ་བྱེད་ཐེངས་རེར་སངས་རྒྱས་ཉི་མས་ཉོན་པ་པོ་ལ་གཞིགས་ནས་བྱེད་ཐབས་སྤྱད་ཅིང་། ཞིང་འབྲོག་མང་ཚོགས་ལ་བཤད་པ་དང་ཤང་དང་གྲོང་རྡལ་གྱི་ལས་བྱེད་པར་བཤད་པའི་ཐབས་ཤེས་དང་སྐད་ཆའི་ཉམས་འགྱུར་ཡེ་ནས་མི་འདྲ་ཞིང་། ཁོ་ལ་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས་མང་ཚོགས་ལ་སྒྲོག་འགྲེལ་བྱེད་དུས་གོ་བདེ་ཞིང་ཉན་སྤྲོ་བ་དང་གནས་ལུགས་ཆེན་པོ་དེ་གཏམ་རྒྱུད་ཀྱི་རྣམ་པའི་ཐོག་ནས་བཤད་པས་སེམས་འགུལ་ཐེབས་པའི་སྒོ་ནས་དང་ལེན་བྱེད་ཐུབ་པ་དང་ལས་བྱེད་པར་བཤད་དུས་ཡིག་སྐད་ལམ་ནས་གོ་རིམ་གསལ་བ་དང་འབྲེལ་ཆགས་པ། དཔེའི་སྒོ་ནས་གནའ་ནས་ད་ལྟ་བར་དང་ཕྱི་རྒྱལ་ནས་ནང་རྒྱལ། སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་དོ་ཁུར་བྱེད་ཡུལ་བཅས་ནས་འབྲུག་གྲག་གྲག་དང་ཆུ་རྒྱུག་རྒྱུག་ངང་ཁྱོན་ཡོངས་དང་གཏིང་ཟབ་པ་ཞིག་བཤད་པས་མི་རྣམས་ཀྱི་ཡིད་དབང་འགུག་ཐུབ། ཁོའི་སྐད་ཆ་ལ་མང་ཚོགས་དང་ལས་བྱེད་པ། གྲྭ་བཙུན་དང་མི་སྐྱ། རྒན་དར་གཞོན་གསུམ་སུ་ཞིག་གིས་ཉན་ན་གོ་བདེ་བ་དང་ཉན་སྤྲོ་བ། དང་ལེན་ཐུབ་པ་བཅས་ཡིན་པས་ཁོ་ལ་གཞི་རིམ་གྱི་སྒྲོག་འགྲེལ་པའི་སྒྲ་དུང་ཆེན་པོ་དང་དཀར་མཛེས་ཁུལ་གཞི་རིམ་གྱི་སྒྲོག་འགྲེལ་བརྡར་པ། བོད་ཁུལ་གཞི་རིམ་གྱི་སྲིད་ཇུས་སྒྲོག་འགྲེལ་པ་བཅས་ཀྱི་མཚན་སྙན་མང་པོ་ཐོབ་པ་རེད།

  ཁོའི་སྐད་ཆ་ནི་གོ་བདེ་ཞིང་ཉན་སྤྲོ་བ་དང་ནང་དོན་ཕུན་སུམ་ཚོགས་ཤིང་ཡིད་ལ་འཛིན་བདེ་བ་ཞིག་ཡིན།

  སངས་རྒྱས་ཉི་མས་གསེར་ཐར་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྱི་སྙིང་དོན་སྒྲོག་འགྲེལ་བྱེད་སྐབས་རང་ཤུགས་ངང་གུང་ཁྲན་ཏང་རླབས་ཆེ་ཞིང་། ཞིང་འབྲོག་མང་ཚོགས་ཀྱིས་རང་ཁྱིམ་རང་བདག་བྱེད། ཞིང་འདེབས་ཁྲལ་མེད་བྱུང་བས་འཛུམ་མདངས་རྒྱས། མཉམ་ལས་སྨན་བཅོས་ཡོད་པས་དགའ་བ་འཕེལ། རྒན་གསོའི་འགན་བཅོལ་བྱས་པས་སེམས་པ་བདེ། སྡོད་ཁང་གློག་ཆས་ཚང་བས་བདེ་སྐྱིད་བསྐྲུན། གྲོང་སྡེ་མཛེས་སྡུག་ལྡན་པས་ཀུན་གྱིས་བསྟོད། བདེ་སྐྱིད་འཚོ་བ་སུམ་རྩེན་ཡུལ་དང་མཚུངས། ཞེས་པ་འདི་ནི་གྱེར་འདོན་བྱེད་པའི་ཚིག་དུམ་ཞིག་རེད། གསར་བརྗེའི་ལེ་ཚན་རེ་རེ་དང་གསོན་ཉམས་དོད་པའི་གཏམ་རྒྱུད་རེ་རེ། གོ་བདེ་ཚིག་སྙན་གྱི་སྐད་ཆ་རེ་རེས་ཏང་གི་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་བཟང་པོ་མཚོན་ཐུབ། ཁོས་ཞིང་ཆེན་ཏང་ཨུའི་དགོན་པའི་སྒྲོག་འགྲེལ་ཚོགས་ཆུང་དང་ལྷན་དུ་འབའ་ཐང་རྫོང་གྲུབ་བ་དགོན་པར་སྒྲོག་འགྲེལ་བྱེད་སྐབས། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཇི་ལྟར་སྒྲིག་བརྩི་ཁྲིམས་སྲུང་བྱེད་དགོས་ཚུལ། ཚུལ་ཁྲིམས་སྲུང་ཚུལ་དང་ལྟ་སྒོམ་སྤྱོད་གསུམ་གྱི་ཐད་ནས་དོན་ཟབ་ཅིང་གོ་བདེ་བའི་ངང་སྒྲོག་འགྲེལ་བྱས་ཤིང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཐོག་མ་རྒྱལ་ཁབ་ཀྱི་སྤྱི་དམངས་དང་ད་གཟོད་ཆོས་ལུགས་མི་སྣ་ཡིན་པས། ཆོས་ལུགས་ལས་རིགས་མི་སྣ་ཚང་མས་ངེས་པར་དུ་སྤྱི་དམངས་ཀྱིས་བསྒྲུབ་དགོས་པའི་འོས་འགན་དང་དུ་བླངས་དགོས་པ་ལས་ཁྲིམས་དང་མི་མཐུན་པའི་ཆོས་བྱེད་མི་ཉན་ལ། ཁྲིམས་ཀྱིས་མ་ཟིན་པའི་དགོན་པ་དང་གྲྭ་པ་དེ་བས་ཡོད་མི་ཆོག འོས་འགན་དང་འགན་འཁྲི་ཅི་ལྟར་བསྒྲུབ་དགོས་པ་སོགས་སེམས་འགུལ་ཐེབས་པའི་གཏམ་རྒྱུད་དང་ཡིད་དབང་འཕྲོག་པའི་སྐད་ཆས་མི་རྣམས་ཧ་ལས་སུ་བཅུག་པ་རེད།

 བསམ་པ་བཟང་པོ་དམངས་ལ་བཅངས། རིག་པའི་གནས་ལ་བརྩོན་པས་སྦྱངས། རྣམ་དཔྱོད་རིག་པའི་བློ་གྲོས་རྒྱས། 

  སྒྲོག་འགྲེལ་བྱེད་ཐེངས་རེར། སངས་རྒྱས་ཉི་མས་མང་ཚོགས་ཀྱིས་ཉན་པར་དགའ་བ་དང་གོ་ཐུབ་པ། སེམས་ལ་ངེས་ཐུབ་པའི་ཆེད་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ། དམངས་ཕན་སྲིད་ཇུས་སོགས་དྲིན་དང་དགའ། ཁྲིམས། མཐུན། བརྩོན། ཕྱུག་བཅས་ཡིག་འབྲུ་དྲུག་ཏུ་ཚུད་པས་རྒྱ་ཆེ་བའི་མང་ཚོགས་ཀྱིས་མ་ཎི་ཡིག་དྲུག་ཅེས་འབོད། དེའི་ནང་དོན་ཐད་ཞིང་དང་ནགས། འབྲོག ཆུ། གློག ལམ། སློབ་གསོ། འཕྲོད་བསྟེན། རིག་གནས། ཁྲིམས་ལུགས། ཆོས་ལུགས། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སོགས་ཕྱོགས་གང་ཐད་ནས་འདུས་ཡོད་པ་རེད། ཁོང་ནི་རིག་གནས་ཀྱི་རིམ་པ་མི་འདྲ་བ་དང་དགོས་མཁོ་མི་མཐུན་པ་དང་བསྟུན་ལ་མཁས་ཤིང་། ཁུལ་ཡོངས་སུ་ཞིང་ཆེན་ཡོངས་ཀྱི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གཞི་རིམ་དུ་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་གཅིག་པུ་དེ་ཡིན། ཁོང་གིས་ཏང་གི་ཞིང་ཕྱུག་དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པ་དེ་སྒྲོག་འགྲེལ་དུ་བསྲེས་ནས་བཤད། དོན་དངོས་ཀྱི་འགྱུར་ལྡོག་དང་གསོན་ཉམས་ལྡན་པའི་གཏམ་རྒྱུད། ལྷད་མེད་ཀྱི་སྐད་ཆ། གོ་སླ་བའི་གནས་ལུགས་བཅས་ཀྱི་སྒོ་ནས་ཁུལ་ཡོངས་ཀྱི་རྫོང་ཁག18( གྲོང་ཁྱེར)དང་ཤང་གྲོང178 དགོན་སྡེ95ཡི་ལས་བྱེད་པ་དང་མང་ཚོགས། དགོན་སྡེའི་གྲྭ་བཙུན་བཅས་ལ་གོ་བདེ་བ་དང་ཁ་མཚར་དང་སྦྲགས་ཏེ་གནད་ལ་འཁེལ་བའི་ངང་སྒྲོག་འགྲེལ་བྱས་པས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས། དགོན་སྡེའི་གྲྭ་བཙུན་བཅས་ཀྱི་མཐེ་བོང་གནམ་ལ་བཀྱགས་ནས་བསྟོད་ར་ཕུལ་བ་རེད།

  ལྟ་ཚུལ་ནི་སྒྲོག་འགྲེལ་གྱི་བླ་སྲོག་དང་སྐད་བརྡ་ནི་སྒྲོག་འགྲེལ་གྱི་སྒྲིག་འཛུགས་ཡིན་ཞིང་། སྲིད་ཇུས་གྱི་རིགས་གཞུང་དང་ཁྲིམས་ལུགས་ཁྲིམས་སྲོལ། སྤྱི་ཚོགས་འཚོ་བ་དང་ཉན་མཁན་གྱི་དགོས་མཁོ་བཅས་བྱང་ཆུབ་པ་ཤེས་དགོས་ཤིང་། མང་ཚོགས་ཀྱི་རྒྱུས་མངའ་ཡོད་པའི་འཚོ་བ་དང་དཔེ་དོན། སྐད་བརྡ་ལ་བརྟེན་ནས་སྒྲོག་འགྲེལ་བྱས་ན། ད་གཟོད་རྒྱུས་མངའ་མེད་པའི་སྲིད་ཇུས་ཀྱི་གཞུང་ལུགས་དང་གོ་དཀའ་བའི་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་ལ་གསོན་ཉམས་ལྡན་པའི་འཚོ་བ་སྐོར་གྱི་སྐད་ཆ་ནས་གོ་བ་ལོན་ཐུབ་པས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཉན་འདོད་པ་དང་དང་ལེན་ཐུབ་པ། བློ་སྒོ་ཕྱེ་ཐུབ་པ། ནུས་པ་ཐོན་ཐུབ་པ་རེད།

  རགས་རྩིས་བྱས་པར་གཞིགས་ན། ལོ་བདུན་གྱི་རིང་ལ་སངས་རྒྱས་ཉི་མ་ཞིང་ཆེན་ཏང་ཨུས་གཞི་རིམ་དུ་བསྒྲགས་པ་གསུམ་དང་སྤྲོ་དགའ་བོད་ཁུལ་དུ་བསྐྱལ་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་གཞི་རིམ་དུ་སྒྲོག་འགྲེལ་བྱས་པ་དང་། ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་འཆམ་མཐུན་གྲོང་གསེབ་ཏུ་བསྐྱལ་བ། དེ་བཞིན་དུ་རྒྱལ་གཅེས་ཁྲིམས་སྲུང་། དྲིན་གཟོ། མཐུན་སྒྲིལ་བཅས་གཞི་རིམ་མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་བཅས་སྒྲོག་འགྲེལ་བྱེད་སའི་ནང་ཞུགས་ནས་སྒྲོག་འགྲེལ་བྱེད་ཐེངས816ལ་ཟིན་པ་དེ་ཁུལ་ཡོངས་ཀྱི་རྫོང་ཁག་བཅོ་བརྒྱད་ཀྱི་ཤང་དང་གྲོང་རྡལ167དང་དགོན་སྡེ256ལ་ཁྱབ་པར་བརྟེན། སངས་རྒྱས་ཉི་མའི་སྒྲོག་འགྲེལ་ལ་ཉན་འཇོག་བྱས་མྱོང་མཁན་གྱི་མིའི་ཐེངས་གྲངས་ཁྲི20.3ལ་ཟིན་པ་རེད།།


  • ལེ་ཚན་སྔོན་མ།:སྲིད་ཇུས་ཀྱི་འཕྲིན་བཟང་སྒྲོག་པའི་དཔྱིད་ཀྱི་ཕོ་ཉ།དམངས་སེམས་ཀྱི་ཞིང་ས་གསོ་བའི་སྦྲང་ཆར་ཟིམ་མ། 
  • ལེ་ཚན་རྗེས་མ།:བོད་རིགས་ལོ་ཆུང་ཀུན་གྱི་མིག་དཔེར་འོས་པའི་ཆབ་མདོ་བུ་མོ་ཞིག