སེམས་ཀྱི་ཉི་ཟླ་ནས་འཕུར་བའི་དཔྱིད་ཀྱི་ཕོ་ཉ། བོད་ཀྱི་གླུ་མ་གྲགས་ཅན་དབྱངས་ཅན་ལྷ་མོ།(2)

བཀྲ་ཤིས་ཀྱིས།        2011-10-31


གཞས་བདང་སོ་ནམ་པ་རྣམས་ཀྱི་ཞིང་ཁ་རུ་དུས་རྒྱུན་དུ་དགའ་བྱུང་དགའ་བྱུང་ལགས།སྐྱིད་བྱུང་སྐྱིད་བྱུང་ལགས་ཞེས་པའི་གླུ་དབྱངས་ཁྱབ་ཅིང་།གླུ་གར་ཁང་དུ་ཁོང་གི་གླུ་ནི་འགྲུལ་པ་འགུག་བྱེད་གཙོ་བོ་ཞིག་ཏུ་གྱུར།ཡར་རྫོང་ཐོག་ཏུ་སོང་ནའང་འདྲ།མར་ཞིང་གྲོང་དུ་བསྐྱོད་ཀྱང་རུང་།ག་ས་གང་ལ་རྣ་བའི་ཐོས་ལམ་དང་མིག་གི་མཐོང་ལམ་དུ་གྱུར་པ་ནི་ཁོང་གི་གླུ་གཞས་ལགས་པས་དབྱངས་ཅན་ལྷ་མོའི་དུས་རབས་ཐོན་པ་རེད་ཅེས་བཤད་པའང་རྒྱུ་མཚན་མེད་པའི་གཏམ་ཞིག་ག་ལ་ཡིན།
     བདག་ནི་བདག་གི་མགོན་ཡིན་ཞིང་།གཞན་ལྟ་སུ་ཞིག་མགོན་དུ་འགྱུར།།ཞེས་པ་པ་ལྟར་མི་ཞིག་གི་མི་ཚེའི་ལས་དབང་ནི་རང་ཉིད་ཀྱི་བསམ་སྦྱོར་ལ་རག་ལས་པ་ལས་སུ་ཞིག་གིས་ཕྱག་ཟུང་བརྐྱངས་ཏེ་དབུལ་པོའི་གཡང་གཟར་ལས་སྐྱོབ་མི་ཐུབ་ལ་གང་ཞིག་གིས་ཀྱང་མཐུ་ནུས་བསྒྲུབས་ཏེ་རང་བཞིན་གྱིས་གྲུབ་པ་ཞིག་མི་སྲིད།ནང་སྒོས་སུ་ཕ་མེས་ཀྱི་ཤུལ་དུ་བཞག་པའི་གླུ་གར་དང་བཅས་པའི་སྒྱུ་རྩལ་གྱི་རིག་གནས་ལ་འཚོལ་རྟོག་གནང་བའི་རིགས་ཀྱི་བུ་དང་བུ་མོ་ཚོ་ལ་ཆ་བཞག་ན་འཚོ་བའི་དཀའ་ངལ་གྱི་འཕྲང་ལམ་བརྒྱུད་དགོས་ལ་ཁྲ་ཁྲ་རིག་རིག་གི་འགྲོ་ལམ་སྣ་ཚོགས་ཀྱི་ནང་ནས་གདམས་ག་མཛད་དགོས་པས་གཉེར་པར་བྱ་བའི་དོན་གང་ལ་ཕྱིར་མི་ལྡོག་པའི་མོས་པ་ཡོད་དགོས་པ་དང་གཅིག གཉིས་ནི་བསྟོད་སྨད་ཀྱི་གཏམ་སྙན་མིན་ཅི་ཡིན་རུང་བཏང་སྙོམས་སུ་བཞག་པའི་ཁོག་རྒྱ་ཡོད་དགོས་པ་དང་།གསུམ་ནི་བྱ་བ་གང་ཞིག་ལེགས་གྲུབ་ཡོང་བར་རྐྱེན་ངན་གྲོགས་སུ་བསྒྱུར་བའི་བློ་སྤོབས་དང་ང་རྒྱལ་ཡོད་དགོས།དོན་གསུམ་དེ་འཛོམས་ན་བྲག་སྐས་མེད་ལ་སྐས་བཙུགས་པ་ལྟར་སྒྱུ་རྩལ་གྱི་ཕོ་བྲ
  • ལེ་ཚན་སྔོན་མ།:ཡེ་ཤེས་རྒྱ་མཚོ།
  • ལེ་ཚན་རྗེས་མ།: བོད་ཀྱི་རོལ་དབྱངས་པ་གྲགས་ཅན་སྨོན་ལམ་རྡོ་རྗེའི་སྒྱུ་རྩལ་གྱི་ལམ་བུ།
  • དོ་སྣང་ཆེ་བའི་རྩོམ།