སེམས་ཀྱི་ཉི་ཟླ་ནས་འཕུར་བའི་དཔྱིད་ཀྱི་ཕོ་ཉ། བོད་ཀྱི་གླུ་མ་གྲགས་ཅན་དབྱངས་ཅན་ལྷ་མོ།

བཀྲ་ཤིས་ཀྱིས།        2011-10-31

སེམས་ཀྱི་ཉི་ཟླ་ནས་འཕུར་བའི་དཔྱིད་ཀྱི་ཕོ་ཉ། བོད་ཀྱི་གླུ་མ་གྲགས་ཅན་དབྱངས་ཅན་ལྷ་མོ།
 

འགའ་ཞིག་འགའ་ལ་མི་མཛེས་ཤིང་།།ལ་ལ་གཞན་ལ་མཛེས་མ་ཡིན།།མཁས་རྨོངས་སྐྱེས་པ་བུད་མེད་སོགས།།ཀུན་ལ་མཛེས་པ་རོལ་མོ་ཡིན།།ཞེས་པ་ལྟར་ཕུལ་དུ་བྱུང་བའི་རོལ་མོ་དང་གླུ་དབྱངས་ནི་རྫ་རིའི་ཁོང་གསེང་གི་ཆུ་ཕྲན་དང་འདྲ་བར་མིའི་རིགས་ཀྱི་སེམས་ཀྱི་ཞིང་ས་གཤིན་པོར་སིམ་སིམ་དུ་བབས་ཏེ་མི་རྣམས་རྟག་ཏུ་བདེ་བའི་དཔལ་གྱིས་མྱོས་བཞིན་ཡོད་པས་དེ་ནི་སེམས་ནད་དང་མྱ་ངན།འཇིགས་པ་སོགས་ཞི་བྱེད་ཀྱི་བདུད་རྩི་ལྟ་བུར་ངེས།ཐུན་མོང་མ་ཡིན་པའི་འཚོ་གཞེས་ཀྱི་ཁོར་ཡུག་དང་རིག་གནས་ཀྱི་རྒྱབ་ལྗོངས།བསམ་བློའི་འདུ་ཤེས་བཅས་ལ་བརྟེན་ནས་རང་རིགས་ལ་མདོ་དབུས་མཐོ་གཞོངས་ཀྱི་གནས་བབས་དང་མཐུན་ལ་བློ་གྲོས་ཀྱི་སྙིང་བཅུད་འདུས་པའི་གཞས་དང་དམངས་གླུ།སྐོར་བྲོ།སྟོད་གཞས།རྡུང་ལེན།མགུར་གླུ་སོགས་གླུ་བྲོའི་རིགས་གྱ་ནོམ་ཕུན་སུམ་ཚོགས་པ་དར་ཡོད།དེ་ལས་འབའ་གཞས་ནི་ཚིགས་བཅད་དང་གདངས།འཆམ་རྣམ་པ་གསུམ་གྱིས་གྲུབ་པའི་གླུ་དབྱངས་ཀྱི་རིགས་ཤིག་ཡིན།གཙོ་བོ་འབའ་ཐང་དང་ཡུན་ནན་ཕྱོགས་ལ་དར་ཁྱབ་ཆེ་ཞིང་ད་བར་དུ་བོད་རིགས་མི་དམངས་རྣམས་ཀྱི་དྲིན་ལ་བརྟེན་ནས་རྗོད་བྱེད་ཚིག་དང་གདངས་ཀྱི་འགྱུར་ཁུག་བཅས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།ནང་སྒོས་སུ་དེང་སང་མདོ་དབུས་ཁམས་གསུམ་དུ་འབའ་གཞས་རེ་གཉིས་ཙམ་ལེན་མི་ཤེས་མཁན་ཧ་ལམ་མེད་པའང་བོད་རང་ཉིད་ཀྱི་གླུ་པ་དང་གླུ་མ་རྣམས་ཀྱིས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་དྲིན་ལོས་ཡིན།
     བཀྲ་ཤིས་པའི་ཉིས་སྟོང་ལོའི་སྒོ་ཆེན་ཕྱེས་མ་ཐག་ཚ་གྲང་ལྷན་དུ་འཐབ་པའི་བོད་ཀྱི་གླུ་གཞས་འཇིག་རྟེན་དུ་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་ནང་བཞིན་ཡིད་སེམས་འགུག་པའི་རྣམ་པ་གསར་པ་ཞིག་ཤར་ཡོད་དེ།དབྱངས་ཅན་ལྷ་མོ་ཞེས་པའི་གླུ་མ་ཞིག་གིས་མཐོ་དམའ་རན་ཞིང་སྦོམ་ཕྲ་འཛོམ་ལ་གཞན་ཡིད་འཕྲོག་པའི་ངག་སྙན་པོས་འབའ་གཞས་གསེར་གྱི་རོལ་དབྱངས་གཙོ་བོར་བྱས་པའི་ཁྱད་འཕགས་ཀྱི་གླུ་དབྱངས་ཁྱད་ཆོས་མ་ཎིའི་ཕྲེང་བ་ལྟར་དུ་བོད་རིགས་སྤུན་ཟླ་རྣམས་ཀྱི་རྣ་ལམ་དུ་ཕུལ་བས་ཀུན་གྱིས་བོད་གཞས་ཞེས་པ་ནི་འདི་ལྟ་བུར་ཚིག་དོན་གོ་སླ་ལ་ངག་འགུག་བདེ་བ་ཚང་མས་ཉན་འདོད་ལ་ལེན་མོས་པ་ཞིག་ལོས་ཡིན་ཞེས་ཚད་མཐོན་པོས་གདེང་འཇོག་བྱས་ཏེ་བྱིས་པ་རྣམས་ཀྱིས་སློབ་གྲྭར་འགྲོ་བའི་ལམ་བར་དུ་ཁོང་གི་གླུ་ལེན་ལ་རྫི་བོ་རྣམས་ཀྱིས་རི་འགོར་རྟ་ནོར་ལུག་གསུམ་འཚོ་བའི་སྐབས་སུའང་ཁོང་གི་

  • ལེ་ཚན་སྔོན་མ།:ཡེ་ཤེས་རྒྱ་མཚོ།
  • ལེ་ཚན་རྗེས་མ།: བོད་ཀྱི་རོལ་དབྱངས་པ་གྲགས་ཅན་སྨོན་ལམ་རྡོ་རྗེའི་སྒྱུ་རྩལ་གྱི་ལམ་བུ།
  • དོ་སྣང་ཆེ་བའི་རྩོམ།