ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།

ཐུབ་བསྟན་དང་བདེ་ཆེན།ཨོ་རྒྱན་བཅས་ཀྱིས།        2017-09-20

ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།
ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།

རྡོ་ཆས་རྙིང་པའི་དུས་རབས།

      དཀར་མཛེས་ཀྱི་ལོ་རྒྱུས་འབྱུང་ཁུངས་ཀྱི་སྐོར་དེ་ང་ཚོས་རྡོ་ཆས་རྙིང་པའི་དུས་རབས་ནས་བརྗོད་དགོས་ཏེ།1983ལོར་ཀྲུང་གོའི་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཚོགས་པས་བྲག་མགོ་རྫོང་མཁར་གཉའ་ཤང་ཉི་པ་ལུང་པའི་བྲག་ཕུག་ཏུ་གནའ་བོའི་མིའི་རིགས་ཀྱི་སོ་བཞི་དང་མིས་བཟོ་རྡོ་ཆས།འོ་འཐུང་སྲོག་ཆགས་ཀྱི་འགྱུར་རྡོ་བཅུ་གསུམ་བཅས་རྙེད་པ་རེད། ད་ལྟར་ཀྲུང་གོའི་ཚན་རིག་ཁང་དུ་ཉར་ཚགས་བྱས་ཡོད།དེའི་ཐོག་ནས་དཀར་མཛེས་ཁུལ་དུ་ལོ་ཁྲིའི་སྔོན་ནས་མིའི་རིགས་འཚོ་གནས་བྱས་པའི་རྗེས་ཤུལ་ཡོད་པར་ར་སྤྲོད་བྱུང་བ་རེད།

      རོང་བྲག་གི་ཧན་ཨི་དབྱི་རྡོ་ཆས་གསར་པའི་རྗེས་ཤུལ་འདི་ནི1989ལོར་ཞིང་ཆེན་དང་ཁུལ་གྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ཚོགས་པས་སྔོག་འདོན་བྱས་ཤིང་།རྗེས་ཤུལ་འདི་ནས་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་དངོས་རྫས་ཐོན་ཡོད་པ་སྟེ།དཔེར་ན་ཐོན་སྐྱེད་ཡོ་བྱད་དང་འཚོ་བའི་སྤྱོད་ཆས། མཛེས་རྒྱན་སོགས་ཡོད་ལ།ཁང་པའི་བཟོ་བཀོད་དང་ཐལ་དུང་ཡང་ཡོད།ཐཱན14ཡི་ཚད་གཞོལ་བྱས་པར་བརྒྱུད་ལོ5000ནས2000བར་ཡིན་པ་རེད།སྐབས་དེ་དུས་ཐལ་དུང་དུ་ཐོན་པའི་རྫ་ལེབ་ཏུན3ལ་ཟིན་ཞིང་།རྗེས་སུ་ཀོང་ཧན་དུ་བསྐྱལ་ནས་ཉམས་གསོ་བྱས་ཡོད། བོད་ལྗོངས་ཆབ་མདོའི་ཁ་རུབ་གནའ་ཤུལ་དང་ཧ་ལམ་མཚུངས་ཤིང་།ལོ5000ལ་ཉེ་བའི་ལོ་རྒྱུས་ཡོད། དེས་རྒྱལ་མོ་དངུལ་ཆུའི་ཆུ་རྒྱུད་ནི་མིའི་རིགས་འདུས་སྡོད་བྱེད་པའི་ལྟེ་གནས་ཡིན་པར་མཚོན་ཐུབ།

རྡོའི་དུར་སྒམ།

     རྡོའི་དུར་སྒམ་ནི་དཀར་མཛེས་ཁུལ་གྱི་མེས་པོ་གོང་མའི་རྡོ་ཆས་དུས་རབས་གསར་མ་ནས་ཧན་རྒྱལ་རབས་ནུབ་མའི་བར་གྱི་དུར་འཇུག་གི་སྲོལ་ལུགས་ཤིག་ཡིན་ཞིང་།འདི་འདྲའི་རིགས་ཀྱི་རྡོའི་དུར་སྒམ་དེ་སི་ཁྲོན་ནུབ་རྒྱུད་ས་ཁུལ་དུ་དར་ཤུགས་ཆེ་ཞིང་།དུར་སྒམ་ནི་རྡོ་ཧྲུག་བརྩིགས་པའམ་རྡོ་ལེབ་བརྩེགས་ནས་བཟོས་ཤིང་གནའ་བོའི་ལྷོ་ནུབ་མཐའ་གནས་མི་རིགས་ཀྱི་ནང་དུ་དར་ཤུགས་ཧ་ཅང་ཆེ་བའི་དུར་སྲོལ་ཞིག་ཡིན།རྡོའི་དུར་སྒམ་ནི་གཙོ་བོ་བོད་དབྱིས་ཆའང་གི་རྒྱུ་ལམ་དང་ནུབ་ལྷོའི་ས་ཁུལ་དུ་ཡོད།ཐང་ཧྲན་དང་ལིའོ་ཉིང་། པེ་ཅིང་། ཁྲའོ་ཞན་སོགས་ལ་ཡང་རྡོའི་དུར་སྒམ་ཡོད།ཡིན་ནའང་ཤུགས་རྐྱེན་ཆེ་ལ་དུས་ཡུན་རིང་བ་དང་། ཡན་རྡོ་ཆས་གསར་པའི་དུས་རབས་དང་མན་ཆིན་ཧན་རྒྱལ་རབས་ཀྱི་དུས་སྐབས་སུ་སླེབས་པར་མ་ཟད་དེ་ལས་འཕྱི་བ་རེད།

ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།
ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།

   གནའ་བོའི་ཨེ་ཅིབ་ཏུ་རྡོའི་དུར་སྒམ་ནི་དུས་རྒྱུན་དུ་གོང་མའི་རོ་སྐམ་པོའི་ཕྱི་སྲུང་དུ་བྱས་པ་རེད།རྡོ་གཡམ་གཅིག་ལ་གཅིག་བསྒྲོགས་ཤིང་རྒྱུན་ལྡན་དུ5ནས6བར་ཡོད། དཔལ་ཡུལ་དུ་རྙེད་པའི་རྡོའི་དུར་སྒམ་གྱི་རྡོ་གཡམ་ཅུང་ཆུང་བ་སྟེ་ལི་སྨི30ནས40ཡོད།ཉག་རོང་གི་རྡོའི་དུར་སྒམ་ནི་ཧ་ལམ་ཧན་རྒྱལ་རབས་ཤར་མའི་དུས་སྐབས་ཀྱི་ཡིན་པ་རེད། ཡན་ལག་བསྐུམས་པ་དང་གན་རྐྱལ་དུ་གནས་པས་མ་ཚད་དབུལ་ཕྱུག་གི་དབྱེ་བ་ཡང་ཡོད་ཅིང་།ཕྱུག་པོའི་ཁྱིམ་ཚང་གི་དུས་རྒྱུན་སྒམ་དུ་སྒམ་མགོ་ཞིག་བཞག་ནས་གཤིན་པོ་ཚེ་ལས་མ་འདས་སྐབས་ཀྱི་རྒྱན་ཆ་དང་ལིའི་ཡོ་ཆས།ཐ་ན་མཚོན་ཆའང་བཞག་པ་རེད།

ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།
ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།

ཟངས་ཀྱི་མདུང་གྲི།

        ཟངས་ཀྱི་མདུང་གྲི་ནི་གནའ་བོའི་མཚོན་ཆ་ཞིག་སྟེ་འཐེན་བཀུག་བྱས་ནས་ཕ་རོལ་པོ་གསོད་ཆོག་ཅིང་།ཀྲན་གོའི་དུས་སྐབས་སུ་མདུང་གྲི་ནི་ཀྲུང་གོ་དམག་མིའི་གོ་ཆ་ཚད་དང་མཐུན་པ་ཞིག་ཏུ་གྱུར་ཡོད།

  ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།

དེ་སྤྱོད་བདེ་མོ་ཡིན་པར་མ་ཟད། གཞན་ད་དུང་འཐབ་འཛིང་དང་མཚོན་ཆ་སོགས་ཀྱི་མིང་གི་རྣམ་གྲངས་དང་རྗེས་སུ་མཐུན། མཚོན་བྱེད་ཀྱི་ནུས་པ་ཡོད་པས་མཛེས་སྤྲས་ཀྱི་ནུས་པ་དེ་བཀོལ་སྤྱོད་ཀྱི་དམིགས་ཡུལ་ཁོ་ན་ལས་བརྒལ་ཏེ་མི་རྣམས་ཀྱི་བསམ་པའི་འདོད་བློ་ཁེངས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཏུ་གྱུར།

ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།

རྫ་སྣོད།

      རྫ་ནག་ལུང་གཉིས་མ། 1985ལོར་ཉག་རོང་རྫོང་སྒང་རི་ཤང་ནས་ཐོན་ཞིང་།གཟུགས་དབྱིབས་གོར་ལ་རྒྱུ་སྤུས་བཟང་ཞིང་ནག་འཁྱུག་གེར་འདུག

ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།

     རྫ་སྣོད་ཀྱི་ཁ་ནི་སྟར་ག་དང་འདྲ་ལ།ལུང་གཉིས་ཀྱི་རིང་ཚད་ལ་ལི་སྨི12དང་ཞེང་ལ་ལི་སྨི5ཡོད།རྫ་སྣོད་ཀྱི་ཁ་ནས་སྐེད་པའི་བར་དུ་མཐུད་ཅིང་གོར་ཐིག་གིས་རྒྱན་སྤྲས་པ་དང་། ནང་དུ་ལྗང་མདོག་གི་གཏེར་ཚོན་གྱིས་སྤུད་ཡོད། གལ་སྲིད་ང་ཚོས་ཟུར་ནས་བལྟས་ན་རྫ་སྣོད་དེ་གོར་ཞིང་ཟླུམ་པོ་ཞིག་ཡིན་པས་ཧ་ཅང་ལྟ་ན་སྡུག་པ་ཞིག་ཡིན།དེས་སྐབས་དེའི་བཟོ་རྩལ་གྱི་ཆུ་ཚད་ཧ་ཅང་མཐོན་པོར་སླེབས་པར་མཚོན་ཐུབ།

ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།

   རྟ་ཀླད། མདོག་དམར་ཞིང་སྲ་བ་དང་། ཕྱི་ངོས་འཇམ་པོ་ཡིན་ཞིང་།སྦུག་གཟུགས་དང་གོར་གཟུགས་གཉིས་ཡོད།

ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།

རྡོ་ཆས།

    རྡོ་ཆས་ནི་བྲག་རྡོ་རྒྱུ་ཆ་བྱས་ནས་བཟོས་པའི་ལག་ཆས་ཤིག་ཡིན། དེ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་ཐོན་སྐྱེད་ལག་ཆས་གཙོ་བོ་ཡིན་ཞིང་། རྡོ་ཆས་རྙིང་པའི་དུས་རབས་སུ་རྡུང་བཟོའི་རྡོ་ཆས་སྤྱད་པ་དང་། རྡོ་ཆས་འདི་རིགས་ནི་རྡོས་བརྡུངས་རྗེས་རྡོ་ལུ་དང་རྡོ་ལེབ་ཏུ་གྱུར་ཅིང་། དེ་ལས་སྣོན་བྱས་ནས་གཟུགས་བརྙན་ཡོད་པའི་རྡོ་ཆས་བཟོ་བ་རེད། གཅོད་གཅོག་རྡོ་ཆས་དང་གཞོག་ཆས། རྩེ་ལྡན་རྡོ་ཆས་སོགས་རིགས་མི་འདྲ་བ་དུ་མ་ཡོད།

ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།

    རྡོ་ཆས་གསར་མའི་དུས་རབས་སུ་བརྡར་བཟོ་བྱས་པའི་རྡོ་ཆས་སྤྱད་པར་དར་ཆེ།རྡོ་ཆས་འདི་དག་ནི་ཐོག་མར་རྡོས་བརྡུངས་བརྡར་བྱས་ནས་གཟུགས་འོས་འཚམ་གྲུབ་རྗེས་བརྡར་རྡོའི་ཐོག་བརྡར་ནས་ལས་སྣོན་བྱས་ཏེ་གྲུབ་པ་རེད། རིགས་མི་འདྲ་བ་མང་པོ་ཡོད་ཅིང་། དུས་རྒྱུན་དུ་མཐོང་ཐུབ་པ་ནི་སྟ་རེ་དང་འབིག གྲི ཟོར། ཐོང་གཤོལ། མདུང་། མདའ་དང་མདེའུ་སོགས་ཡོད། རྡོ་ཆས་ཕྲ་རིགས་ནི་གཟུགས་ལྟ་ཆུང་བའི་རྡུང་རྡེག་རྡོ་ཆས་ཤིག་ཡིན། རྡོ་ཆས་རྙིང་པའི་དུས་རབས་ཀྱི་མཇུག་ནས་རྡོ་ཆས་དཀྱིལ་མའི་དུས་རབས་སུ་དར་རྒྱས་ཆེ་ཞིང་།རྡོ་ཆས་འདི་དག་གི་རིང་ཚད་ལ་ཕལ་ཆེར་ལི་སྨི2ནས3ཡོད་ཅིང་། དུས་རྒྱུན་དུ་མཐོང་ཐུབ་པའི་གཟུགས་ལྟ་ནི་རྡོའི་ལོ་མ་དང་རྡོའི་མདའ་མདེའུ། རྡོའི་གྲི་ཆུང་། རྡོ་གཡམ་སོགས་མང་། རྡོ་འབིགས་སམ་གཞོག་ཆས་བཟོ་ཆོག་ལ།རུས་པ་དང་ཤིང་གི་ཡུ་བའི་སྲུབས་སུ་སྦྱར་ནས་སྤྱོད་གོ་མང་བའི་ལག་ཆ་བཟོས་ནས་བེད་སྤྱོད་བྱེད་ཆོགརང་རྒྱལ་གྱི་བྱང་ཤར་དང་ནང་སོག  ཉིང་ཞ། ཀན་སུའུ། ཞིན་ཅང་སོགས་སུ་ཁྱབ་རྒྱ་ཆེ་ཞིང་། རྡོ་ཆས་ཕྲ་རིགས་ཀྱི་རིག་གནས་སྲོལ་རྒྱུན་ནི་སྐབས་དེ་དུས་ཀྱི་མིའི་རིགས་ཀྱིས་རྔོན་རྒྱག་པའི་དུས་ཀྱི་འཚོ་བ་བྱེད་སྟངས་དང་འབྲེལ་བ་ཡོད་པར་སྙམ།

ནོར་བུ་འདི་གང་དུ་ཡོད་པ་ཤེས་སམ།

རྡོ་ཆས།

  ལྕགས་ཟམ་ཁའི་དགོན་སྡེ་དགོན་པའི་ཐང་གི་བང་སོ།འདི་ནི་ལྕགས་ཟམ་རི་མཇུག་གྲོང་རྡལ་གྱི་དགོན་སྡེ་དགོན་དུ་ཡོད་ཅིང་། ལོ་རབས་ནི་ཐང་ཏེ་ཙུང་གི་ཀྲེན་ཡོན་ལོ13(སྤྱི་ལོ797ལོར)ཡིན།གྱོ་མོ་ལས་བརྩིགས་པའི་བང་སོ་ཞིག་སྟེ་རྒྱ་ཁྱོན་སྨི་གྲུ་བཞི་མ20དང་ངོས་མཉམ་ལ་རྒྱ་ཡིག་གི་ཡིག་གཟུགས“丰”གི་རིས་ལྟར་ཆགས་ཡོད། སྔ་མར་རྐུ་ཤོར་མྱོང་།ས་འོག་ནས་ཐོན་པའི་རིག་དངོས་ཡང་གསེར་དང་དངུལ། ཟངས། ལྕགས། རྫ་ཁོག  དཀར་ཆས་ཆག་རོ་སོགས་ཉུང་ངུ་ལས་མེད།དུར་བྱང་ཡི་གེ་ལས་དུར་སའི་བདག་པོ་ནི་མཐའ་སྲུང་དམག་དཔོན་ཞིག་ཡིན་པ་ཤེས་ཐུབ།


  • ལེ་ཚན་སྔོན་མ།:གཏུམ་བྲག་གི་འགྱུར་རྡོ།
  • ལེ་ཚན་རྗེས་མ།:འབྱུང་བའི་རང་བཞིན་དང་བསྟུན་པའི་ཡུལ་ས་སྡོད་ཁང་།