དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

ཐུབ་བསྟན་དང་བདེ་ཆེན།ཨོ་རྒྱན་བཅས་ཀྱིས།        2017-09-20

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

རྗེས་ཤུལ།

   ལོ་ཁྲི་གཅིག་སོང་བའི་སྔོན་དུ། དཀར་མཛེས་ཁུལ་དུ་མིའི་རིགས་འཚོ་སྡོད་བྱེད་འགོ་ཚུགས་ཡོད། ས་ཆ་འདི་ནི་གནའ་ནས་མི་རིགས་ཁག་གནས་སྤོ་དང་སྤེལ་རེས། མཉམ་འདྲེས་ཀྱི་བརྒྱུད་ལམ་གལ་ཆེན་ཡིན་ཞིང་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་བོད་ཆཱང་དབྱིས་གསུམ་བརྒྱུད་ལམ་གྱི་ས་ཁོངས་གཙོ་བོ་ཡིན་པས། ཡུན་རིང་ཞིང་འོད་སྟོང་ལྡན་པའི་ལོ་རྒྱུས་རིག་གནས་ཡོད་པ་རེད།

   གནའ་དུས་ཀྱི་དཀར་མཛེས་ཁུལ་ནི་ལྡོང་གི་གཡི་ཚའི་རིགས་ཀྱི་སར་གཏོགས་ཤིང་།  ཧན་རྒྱལ་རབས་ཀྱི་དུས་སུ་མཐའ་གནས་ཀྱི་སྡེ་བ་བཞི་དང་འབྲེལ་བ་ཡོད་ཅིང་། ལྷོ་བྱང་རྒྱལ་རབས་ནས་ཧྲུའེ་ཐང་རྒྱལ་རབས་ཀྱི་བར་མངའ་ཁོངས་སུ་ནུབ་རྒྱུད་ཀྱི་རྒྱལ་ཕྲན་བརྒྱད་དང་ལྡོང་གཡི་ཚའི་རིགས་ཀྱི་སྡེ་ཚོ་དུ་མ་ཡོད། སྤྱི་ལོ་དུས་རབས་བདུན་པར་བོད་ཀྱི་སྦྲ་འབྲུའི་རྒྱུད་ལས་མཆེད་པའི་རིགས་ཤར་ནས་མཆེད་དེ་ཁམས་ཁུལ་གྱི་གདོད་མའི་ལྡོང་གི་རིགས་ཚོ་དང་སྤེལ་རེས་མཉམ་འདྲེས་བྱུང་ནས་ཁམས་པའི་མི་རིགས་ཆགས་པ་རེད། སུང་རྒྱལ་རབས་དང་ཐང་རྒྱལ་རབས་དུས་ཀྱི་ལུགས་ལྟར་ཁམས་མཐར་ཇ་རྟའི་ཁྲོམ་ལམ་བཙུགས་ཏེ་སྔར་ལྷག་གིས་དཀར་མཛེས་བོད་ཁུལ་དང་ཀྲུང་དབྱང་རྒྱལ་རབས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་སོང་ཞིང་བོད་ཁུལ་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཡོང་བར་རྨང་གཞི་སྲ་བརྟན་བཏིང་ཡོད་པ་རེད། ཡོན་རྒྱལ་རབས་ཀྱི་འགོར་ཡུལ་དཔོན་ནམ་སྐུ་དྲག་ལམ་ལུགས་བཙུགས་ཤིང་། ཆིང་རྒྱལ་རབས་ཀྱི་མཇུག་ཏུ་ཡུལ་དཔོན་གཞུང་དཔོན་དུ་བསྒྱུར་ནས་ཞི་ཁམས་ཞིང་ཆེན་བཙུགས་པ་རེད། ༡༩༥༠ལོར་དཀར་མཛེས་ཁུལ་བཅིངས་འགྲོལ་བཏང་ནས་ཞི་ཁམས་ཞིང་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་པ་རེད། ༡༩༥༥ལོར་ཞི་ཁམས་ཞིང་ཆེན་སི་ཁྲོན་ཞིང་ཆེན་ནང་ཟླ་སྒྲིལ་བཏང་བ་དང་དེ་སྔོན་ཞི་ཁམས་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པའི་ཞི་ཁམས་བོད་རིགས་རང་སྐྱོང་ཁུལ་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བསྒྱུར་བ་དང་རྒྱལ་ཁབ་དབུ་བརྙེས་རྗེས་བཙུགས་པའི་མི་རིགས་རང་སྐྱོང་ཁུལ་དང་པོ་དེ་ཡིན་པ་རེད། 

མེས་པོའི་ཞབས་རྗེས།

    ༡༩༨༣ལོར་དཀར་མཛེས་ཁུལ་བྲག་འགོ་རྫོང་དུ་གནའ་མི་དང་རྡོ་ཆས་དུས་རབས་རྙིང་པའི་ཤུལ་རྫས་རྙེད་ཅིང་དཀར་མཛེས་ཁུལ་དུ་རྙེད་པའི་ཆེས་སྔ་བའི་མིའི་རིགས་འཚོ་བའི་ཤུལ་བཞག་ཏུ་ངོས་འཛིན་བྱས། དེའི་རྗེས་རྒྱལ་རོང་གི་མཁས་དགོད་ཡུལ་དུ་རྙེད་པའི་རྡོ་ཆས་གསར་པའི་དུས་མཇུག་གི་རིག་གནས་རྗེས་ཤུལ་དང་ཁུལ་ནང་གི་ས་གནས་གཞན་དག་མང་པོར་རྙེད་པའི་རྡོ་པུར་དུར་ཚོགས་ནས་ས་ངོས་བཏོན་པའི་རིག་རྫས་ལ་བརྟག་དཔྱད་དང་སྔོག་འདོན་བྱས་པར་བརྒྱུད། དཀར་མཛེས་ཁུལ་གྱི་གནའ་བོའི་རིག་གནས་ཀྱི་རྣམ་པ་རགས་ཙམ་མངོན་ཐུབ་པ་བྱུང་ཡོད།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

ལོ་ཟླའི་རྗེས་ཤུལ།

   ལོ་རྒྱུས་ཀྱི་ཆུ་བོ་རིང་པོའི་ཁྲོད་དུ་དཀར་མཛེས་ཁུལ་གྱི་ལས་ལ་བརྩོན་ཞིང་ཤེས་རབ་ལྡན་པའི་མེས་པོ་ཚོས་གནའ་བོའི་དཔལ་ཡོན་འོད་སྟོང་འཕྲོས་པ་བསྐྲུན་ཡོད་ཅིང་ལོ་རྒྱུས་ཀྱི་ཤུལ་བཞག་མང་པོ་བཞག་པ་རེད།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
རོང་བྲག་གི་གནའ་མཁར།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
སྡེ་དགེའི་པར་ཁང་།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
དར་མདོའི་ལྷ་སྒང་དགོན་པ།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
ཉག་རོང་གི་སྤང་རིམ་ཟམ་པ།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།
སེར་ཤུལ་གྱི་ཐང་བོད་གནའ་ལམ་བརྒྱུད་ཡུལ་གྱི་བྲག་ལྷ་མོ།

   ཁུལ་ཡོངས་ཀྱི་ད་ཡོད་གནའ་བོའི་འཛུགས་སྐྲུན་གྱི་བསྡུར་ཚད་དེ་ཁུལ་ཡོངས་ཀྱི་གཏན་འཇགས་རིག་རྫས་བསྡོམས་འབོར་གྱི་བརྒྱ་ཆ༢༨.༢༨ལ་ཟིན་ཡོད། དེའི་ནང་དུ་ཆེས་འཐུས་ཚབ་རང་བཞིན་ལྡན་པ་ནི་རོང་བྲག་གི་གནའ་བོའི་མཁར་ཚོགས་དང་། སྡེ་དགེའི་པར་ཁང་། དར་མདོའི་ལྷ་སྒང་དགོན་པ། ཉག་རོང་གི་སྤང་རིང་ཟམ་པ་སོགས་རེད། བྲག་བརྐོས་ཡིག་རིས༣༠ཡོད་ཅིང་ཁུལ་ཡོངས་ཀྱི་གཏན་འཇགས་རིག་རྫས་ཀྱི་བརྒྱ་ཆ༠.༧༨ལ་ཟིན་པ་དང་། དེའི་ནང་དུ་ཆེས་འཐུས་ཚབ་རང་བཞིན་ལྡན་པ་ནི་ཐུ་བྷོད་དུས་རབས་ཀྱི་སེར་ཤུལ་གྱི་བྲག་བརྐོས་ཡིག་རིས་དང་ཆིང་དུས་རབས་ཀྱི་འབའ་ཐང་གི་སྡེ་མགོ་བྲག་ལམ་གྱི་རྡོ་བརྐོས་ཡིན་པ་རེད།

བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་ཚུལ།

   ཐང་ཀྲེན་ཀོན་བཅུ་གཉིས་ལོ་སྟེ་སྤྱི་ལོ༦༣༨ལོར། དར་རྒྱས་ཆེ་བའི་ཐུ་བྷོད་ཀྱི་སྟོབས་ཤུགས་ཤར་དུ་འཕེལ་ནས་རིམ་པར་ཁམས་ཁུལ་གྱི་སྡེ་ཚོ་ཕལ་ཆེར་བཟུང་བ་རེད། དངོས་སུ་བཤད་ན་ཐུ་བྷོད་ཀྱིས་ཁམས་ཁུལ་ལ་མངའ་བསྒྱུར་བྱས་པའི་བརྒྱུད་རིམ་ནི་ཐུ་བྷོད་ཀྱིས་ཁམས་ཁུལ་སྡེ་བ་ཁག་རིམ་བཞིན་གཅིག་སྒྱུར་མཉམ་འདྲེས་བྱེད་པའི་བརྒྱུད་རིམ་ཞིག་རེད།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

  སྤྱི་ལོ་དུས་རབས༡༡ནས༡༢བར་བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་བར་བརྟེན་ནས་གཅིག་སྒྱུར་གྱི་བརྒྱུད་རིམ་ཇེ་མགྱོགས་སུ་སོང་ཡོད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁམས་ཁུལ་དུ་དར་ཁྱབ་ཕྱིན་པས་གནའ་བོའི་དགོན་པ་དང་ནང་ཆོས་ཀྱི་རིག་རྫས་འབོར་ཆེན་ཡང་ཤུལ་ཉར་ཐུབ་པ་བྱུང་ཡོད།།

ཇ་རྟའི་བདལ་ལམ་གྱི་དྲན་ཤེས།

      ཇ་རྟའི་བདལ་ལམ་ནི་ལོ་ངོ་བརྒྱ་སྟོང་རིང་ནས་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་ཇ་རྟའི་ཁྲོམ་རར་གཙོ་བོར་བརྟེན་པའི་ཚོང་ལམ་ཡིན། ཐང་དུས་ནས་བོད་ལ་ཇ་འདྲེན་ཚོང་བྱས་པ་ནས་བཟུང་ཀྲུང་དབྱང་རྒྱལ་རབས་ཀྱིས་ནུབ་བྱང་ས་ཁུལ་དུ་ཇ་རྟའི་ལས་ཁུངས་བཙུགས་པ་རེད། སུང་དང་ཡོན་རྒྱལ་རབས་སུ་གཞུང་ཕྱོགས་ནས་སྔ་ཕྱིར་སི་ཁྲོན་གྱི་འགག་སྨད་དང་ལི་གཡག་སོགས་སུ་ཐུ་བྷོད་དང་ཇ་རྟའི་ཉོ་ཚོང་བྱས་ཤིང་། མིང་རྒྱལ་རབས་སུ་གཡག་རྔ་དང་འགག་སྨད་བཅས་སུ་ཇ་རྟའི་ལས་ཁུངས་བཙུགས་པ་དང་བསྟུན་ནས་ཇ་རྟའི་ཉོ་ཚོང་ནས་རྒྱ་སྐྱེད་བྱུང་བའི་ཁྲོན་བོད་ཇ་རྟའི་བདལ་ལམ་དེ་གཞུང་ལམ་དུ་གྱུར་པ་རེད།

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

   ཁྲོན་བོད་ཇ་རྟའི་བདལ་ལམ་ནི་ས་བབ་མཐོ་ཞིང་རི་ལམ་ཉེན་ཁ་ཆེ་ལ་ལམ་ཐག་རིང་བའི་ཉོ་ཚོང་གི་འགྲོ་ལམ་ཞིག་ཡིན་ཞིང་། བདལ་ལམ་དེས་ལོ་ངོ་བརྒྱ་སྟོང་རིང་བོད་རྒྱ་མི་རིགས་བར་ཇ་ལ་བརྟེན་ནས་བྱུང་བའི་བརྩེ་དུང་མཚོན་པ་དང་སྦྲགས་རིག་གནས་ཀྱི་ཤུལ་རྫས་རྩ་ཆེན་ཡང་ཤུལ་དུ་ལུས་ཡོད་དོ།།  

དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན། དངོས་མང་བཤམས་སྟོན་ཁང་།

  • ལེ་ཚན་སྔོན་མ།:པུར་རྒྱལ་དུས་ཀྱི་བྲག་བརྐོས་སྐུ་བརྙན་ཏེ་སྨར་ཁམས་ཀྱི་རྣམ་པར་སྣང་མཛད།
  • ལེ་ཚན་རྗེས་མ།:ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་མཁར་རོ་གནའ་ཤུལ།