བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-05-16
སི་ཁྲོན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་།
སི་ཁྲོན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་ནི་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་གསུམ་གྱི་འདྲེས་མཚམས་སུ་ཡོད་ཅིང་། 1983ལོར་མཚན་ཉིད་ཡུལ་ཚོས་བསྐྲུན་པ་ཡིན་པས། མཚན་ཉིད་བོད་ཡིག་སློབ་གྲྭ་ཞེས་ཀྱང་ཟེར།
མིག་སྔར་སི་ཁྲོན་བོད་ཡིག་སློབ་འབྲིང་དུ་འཛིན་གྲྭ19དང་། དགེ་རྒན་ལས་བཟོ་བ83། སློབ་མ1026བཅས་ཡོད་ཅིང་། དེའི་ཁྲོད་བོད་ཡིག་གི་ལམ་ཁྲིད་པའི་དགེ་རྒན50ལྷག་དང་བོད་ཡིག་གི་དགེ་རྒན11ཡོད་པ་རེད།
2005ལོར་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གིས་ཡུལ་དེ་གའི་སློབ་མ་རྣམས་ཀྱིས་མཐོ་འབྲིང་གི་སློབ་གསོ་མྱོང་བར་སྟབས་བདེ་བསྐྲུན་ཆེད་མཐོ་འབྲིང་འཛིན་གྲྭ་འཛུགས་པའི་རེ་ཞུ་བྱས་ཤིང་། 2012ལོར་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གིས་སྐབས་དང་པོའི་མཐོ་གཅིག་སློབ་མ88བསྡུས་པ་དང་། འཛིན་གྲྭ་གཉིས་བཙུགས་པ་རེད།
མིག་སྔར་མ་དངུལ་སྒོར་དུང་ཕྱུར1.5བཏང་བའི་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་ཁུལ་གསར་བའི་དུས་རིམ་དང་པོའི་ལས་གྲྭ་འཛུགས་སྐྲུན་བྱེད་གྲབས་ཡོད་ཅིང་། སློབ་ཁུལ་གསར་བའི་འཛུགས་སྐྲུན་གྱིས་སློབ་མ་དེ་ལས་མང་པོ་ཞིག་ལ་མཐོ་འབྲིང་གི་སློབ་གསོ་མྱོང་བའི་ཆ་རྐྱེན་དང་གོ་སྐབས་བསྐྲུན་ཐུབ་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10