སྤྱིར་བཏང་གི་དགེ་རྒན་དང་ཕུལ་བྱུང་གི་དགེ་རྒན།

        2011-07-14

 ༡༩༦༠ལོར།  ཧ་ཧྥའོ་སློབ་ཆེན་གྱི་འབུམ་རམས་པ་ལུའོ་སེན་ཐ་ཨེར་ལགས་ཀྱིས་ཅ་ཀྲིག་གི་སློབ་གྲྭ་ཞིག་ཏུ་སྙན་གྲགས་ཆེ་བའི་ཚོད་ལྟ་ཞིག་བྱས་མྱོང་། དེ་ཡང་སློབ་སྐབས་གསར་བའི་མགོ་རྩོམ་སྐབས། འབུམ་རམས་པ་ལུའོ་སེན་ཐ་ཨེར་ལགས་ཀྱིས་སློབ་གཙོ་ལ་དགེ་རྒན་གསུམ་གཞུང་ལས་ཁང་དུ་འབོད་དུ་བཅུག    དགེ་རྒན་དེ་རྣམས་ལ།  ཁྱོད་ཚོས་སློབ་ཁྲིད་བྱས་པ་ཧ་ཅང་བཟང་བས་རང་རེའི་སློབ་གྲྭའི་ཕུལ་བྱུང་དགེ་རྒན་ཡིན། དེའི་ཕྱིར། ང་ཚོས་སློབ་གྲྭ་ཡོངས་ཀྱི་ཆེས་བློ་རིག་ལྡན་པའི་སློབ་མ་༡༠༠ཆེད་དུ་བདམས་ནས་འཛིན་གྲྭ་གསུམ་དུ་བགོས་ཏེ་ཁྱོད་ཚོར་སློབ་ཁྲིད་བྱེད་དུ་འཇུག་རྒྱུ་ཡིན།  སློབ་མ་འདི་དག་གི་རིག་སྟོབས་ནི་བྱིས་པ་གཞན་ཀུན་ལས་ཁྱད་དུ་འཕགས་པས། ཁྱོད་ཚོས་སློབ་མ་འདི་ཚོར་སྔར་ལས་ལྷག་པའི་གྲུབ་འབྲས་ལེན་དུ་འཇུག་རྒྱུ་མཁྱེན་ཞེས་བཤད།
      དགེ་རྒན་གསུམ་པོས་སྤྲོ་སྣང་ལྡན་པའི་ངང་ཧུར་བརྩོན་བྱེད་རྒྱུ་ཡིན་ཞེས་དམ་བཅའ།
སློབ་གཙོས་ཡང་བསྐྱར་ཁོ་ཚོར་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སློབ་མ་འདི་ཚོར་རྒྱུན་ལྡན་གྱི་སྤྱོད་ཚུལ་འཛིན་སྟངས་སྤྱད་ནས། སློབ་མ་འདི་དག་དང་ཁྱིམ་བདག་རྣམས་ལ་སློབ་མ་འདི་རྣམས་ནི་སློབ་མ་ཡོངས་ལས་ཆེད་དུ་བདམས་ནས་ཐོན་པ་དེ་ཤེས་སུ་འཇུག་མི་རུང་ཞེས་གདམས་པས། དགེ་རྒན་དེ་དག་ནས་ཀྱང་ཁས་ལེན་བྱས།
   ལོ་གཅིག་གི་རྗེས་སུ། འཛིན་གྲྭ་འདི་གསུམ་གྱི་སློབ་མའི་སྦྱངས་འབྲས་ནི་སློབ་ཁུལ་ཡོངས་ཀྱི་སྔོན་དུ་སླེབས།
སྐབས་འདིར། སློབ་གཙོས་དགེ་རྒན་དག་ལ་གནས་ཚུལ་ངོ་མ་བཤད་བྱུང་། མ་གཞི་སློབ་མ་འདི་དག་ནི་ཆེད་དུ་བདམས་ནས་ཐོན་པའི་ཕུལ་བྱུང་གི་སློབ་མ་མ་ཡིན་པར།  གང་འདོད་དུ་བདམས་པའི་སློབ་མ་སྤྱིར་བཏང་བ་ཁོ་ན་ཡིན།
དགེ་རྒན་ཚོས་འདི་ལྟ་བུ་ཞིག་ཡིན་པ་ཡིད་ལའང་མ་འཆར་བར། ཚང་མས་རང་ཉིད་ཀྱི་སློབ་ཁྲིད་ཆུ་ཚད་དངོས་གནས་ལེགས་པར་སྙམ། སྐབས་དེར་སློབ་གཙོས་ཡང་བསྐྱར་ཁོར་ཚོར་གནས་ཚུལ་ང་མ་གཞན་ཞིག་བཤད། དེ་ནི་དགེ་རྒན་དེ་ཚོ་ཡང་སློབ་གྲྭ་ཡོངས་སུ་ཆེད་དུ་བདམས་ཐོན་བྱུང་བའི་ཕུལ་བྱུང་དགེ་རྒན་མ་ཡིན་པར། གང་འདོད་དུ་བདམས་པའི་སྤྱིར་བཏང་གི་དགེ་རྒན་ཁོ་ན་ཡིན།
 དེས་ན་མི་ཁ་ཤས་ལ་ལྷན་སྐྱེས་ཀྱི་བློ་གྲོས་ལྡན་རུང་གྲུབ་འབྲས་བླངས་མེད། དེ་ཚོ་ནི་དཔེར་ན་མ་རྩ་འབོར་ཆེན་ཡོད་རུང་ཚོང་ཆེན་མ་བརྒྱབ་པ་དང་མཚུངས། ཡང་མི་ཁ་ཤས་ལ་ལྷན་སྐྱེས་ཀྱི་བློ་གྲོས་དེ་འདྲ་མི་ལྡན་རུང་གྲུབ་འབྲས་ངོ་མཚར་བ་ཞིག་བླངས་ཡོད། དེ་ཚོ་ནི་དཔེར་ན་མ་རྩ་ཆུང་ངུ་ཞིག་གིས་ཚོང་ཆེན་བརྒྱབ་པ་དང་མཚུངས། འདི་གཉིས་བར་གྱི་ཁྱད་པར་ནི་ཧུར་བརྩོན་བྱས་དང་མ་བྱས་པ་དེ་ཡིན། ཞེས་སྐུ་ཞབས་ཀྲུའུ་ཀོང་ཆན་ལགས་ཀྱི་གསུངས་པ་འདི་བདེན་གཏམ་དུ་འཁུམས་སོ།
  • ལེ་ཚན་སྔོན་མ།:ཕྱི་རྒྱལ་གྱི་སློབ་གསོ་པ་གྲགས་ཆེན་སུའུ་ཧོ་མོའུ་ལིན་སི་ཅི་དང་ཁོང་གི་སློབ་གསོའི་བསམ་བློ།
  • ལེ་ཚན་རྗེས་མ།:སློབ་གསོའི་སྐོར་གྱི་གསུང་བཤད།
  • དོ་སྣང་ཆེ་བའི་རྩོམ།