གསར་རྩོམ་དམངས་གཞས།

ཕུར་བུ་ཚེ་རིང་།        2011-09-15

ཆུང་ཆུང་སློབ་གྲྭར་བསྐྱལ་ནས། །
ལོ་གསུམ་ཀ་ཁ་སྦྱངས་ཀྱང་། །
ད་ལོ་རྫི་བོ་མི་འདུག །
བུ་ཆུང་དགོངས་པ་མ་འཚོམ། །
 
པད་མ་ཞལ་ཁ་ཕྱེ་སོང་། །
ཀུ་མུད་སྙིང་རླུང་ལངས་སོང་། །
ཤར་གྱི་དཀར་གསལ་ཟླ་བ། །
ག་རེ་གང་གིན་བཞུགས་ཡོད། །
 
ཆུང་འདྲིས་མགོ་བོ་ཟླ་བ། །
ཁང་བའི་སྟེང་གི་དར་ལྕོག །
རླུང་པོ་གང་ནས་ལྡང་ཡང་། །
དེ་དང་ལྷན་དུ་གཡོ་བ། །
 
མཐུན་གྲོགས་རི་རྒྱལ་ལྷུན་པོ། །
མ་འགྱུར་བརྟན་པོར་བཞུགས་དང་། །
བློ་སེམས་ཉི་ཟླའི་འཁོར་ཕྱོགས། །
ནོར་ཡོངས་བསམ་པ་མི་འདུག
  • ལེ་ཚན་སྔོན་མ།:འབྲོག་པའི་བཞོ་གླུ།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་འབྲོག་གླུ