དམངས་གླུ་ཁག་གཉིས།

(ཚེ་རིང་ལྷ་མཚོས་བསྡུས།)        2011-08-25

 
རྟ་འདོ་ལུ་སྨོན་ལམ་ལ་ཁ་འདུག།
ཆིབས་བསམ་ནས་སྨོན་ལམ་མ་བརྒྱབ་སྟེ།
རྒྱབ་གསེར་སྒ་སྨོན་ལམ་རང་འགྲུབ་རེད།
ང་སྨོན་ལམ་ལ་ནས་འགྲོ་རེ་ལ།
མཛོ་ཁྱུང་དཀར་སྨོན་ལམ་ལ་ཁ་འདུག།
བཀལ་བསམ་ནས་སྨོན་ལམ་མ་རྒྱབ་སྟེ།
རྒྱབ་དྲུག་ཇ་སྨོན་ལམ་རང་འགྲུབ་རེད།
ང་སྨོན་ལམ་ལ་ནས་འགྲོ་རེ་ལ།
རོགས་ཆུང་འདྲིས་སྨོན་ལམ་ལ་ཁ་འདུག།
འདྲིས་བསམ་ནས་སྨོན་ལམ་མ་བརྒྱབ་སྟེ།
གཏམ་ཚིག་གསུམ་སྨོན་ལམ་རང་འགྲུབ་རེད།
(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:སྡེ་རོང་གི་གྱང་གླུ།
  • ལེ་ཚན་རྗེས་མ།:འབྲོག་པའི་བཞོ་གླུ།