འབྲོག་པའི་བཞོ་གླུ།

( ཞི་ཆུང་གིས།)        2011-08-25

བཞོ་གླུ་ནི་འབྲོག་པ་བུད་མེད་ཚོས་འབྲི་འཇོག་སྐབས་དབྱངས་རྟ་ལ་དྲངས་ནས་ལེན་པ་དང་།ཁྱད་པར་དུ་འབྲི་ཐེལ་མ་ཁ་ཉུང་ལ་གཡང་ཕབ་སྐབས་ལེན་པ་འདི་ལྟར་རོ།འོ་འོ།ཐེལ་མ་གཡང་ལ་འོ་འོ།ཨ་ཐེལ་ལ་ཐེལ་འོ་འོ།གཡང་ལ་གཡངཟོག་འོ་འོ།ར་ཁ་ཟངས་ཐུར་འོ་འོ།རྨིག་པ་གསེར་ཐེ་འོ་འོ།རྔ་མ་ཤུག་ཐུལ་འོ་འོ།ཟེ་བ་བལ་འདབ་འོ་འོ།བརྒྱ་ཡི་ཨ་མ་འོ་འོ།སྟོང་གི་ཨ་ཕྱི་འོ་འོ།འོ་འོ་གཡང་མོ་འོ་འོ།འཇོ་མ་ལྷ་མོར་མ་རྡུང་།བཞོ་ཟོ་གསེར་ཟོ་མ་བཅག སྒྱིད་ཐག་སྟོང་སྐུད་མ་གཅོད།སྐེ་ཐག་དུང་སྐུད་མ་གཅོད།དུང་གི་སྒྲོག་གུ་མ་བཅག བེའུ་གསེར་རྣ་མ་གསོད།འོ་འོ་གཡང་མོ་འོ་འོ།བཞོས་ན་འོ་མའི་རྒྱ་མཚོ།དཀྲུགས་ན་མར་གྱི་རི་བོ།བཏག་ན་རྡིང་བརྒྱ་འོ་འོ།མངགས་ན་རི་ཁྱབ་འོ་འོ།འོ་འོ་གཡང་མོ་འོ་འོ།
(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
 
 
 
 
  • ལེ་ཚན་སྔོན་མ།:དམངས་གླུ་ཁག་གཉིས།
  • ལེ་ཚན་རྗེས་མ།:གསར་རྩོམ་དམངས་གཞས།