ཞིང་རྨོ་འདེབས་ཀྱི་གཞས།

རིན་ཆེན་རྒྱལ་གྱིས་བསྡུས།        2011-01-18

ལོ་ཡག   ལོ་ཡག
ཕར་རིའི་ལོ་ཡག་འདིར་ཤོག
ཚུར་རིའི་ལོ་ཡག་འདིར་ཤོག
སྟོད་རྒྱ་གར་གྱི་ལོ་ཡག་འདིར་ཤོག
སྨད་རྒྱ་ནག་གི་ལོ་ཡག་འདིར་ཤོག
སྐུ་རྒྱལ་བོད་ཀྱི་ལོ་ཡག་འདིར་ཤོག
སྣང་རའི་གསེར་མོ་ལྗོངས་ཀྱི་ལོ་ཡག་འདིར་ཤོག
ཀ་ཅུ་གསེར་མོ་ཐང་གི་ལོ་ཡག་འདིར་ཤོག
རེབ་གོང་གསེར་མོ་ལྗོངས་ཀྱི་ལོ་ཡག་འདིར་ཤོག
བ་ཡན་ཕར་རུ་ཚང་གི་ལོ་ཡག་འདིར་ཤོག
 
 
  • ལེ་ཚན་སྔོན་མ།:བོད་རིགས་ཀྱི་གནའ་བོའི་གླུ་གཞས།
  • ལེ་ཚན་རྗེས་མ།:ཡུར་མ་ཡུར་བའི་གཞས།