
རྫ་ཁྲ་ཡག་དམག་སྒར་བཏབ་འདྲ་དེར།འབྲོག་བྲེ་སར་དམག་དཔོན་བཞུགས་འདྲ་རེད།རྭ་ཆ་གཉིས་དམག་དར་བཤམས་འདྲ་རེད།དགྲ་འཐབ་ཡ་ཡོད་གྲོགས་བསམ་པ་རེད། ནགས་རྒྱ་རྫོང་ཚོང་སྒར་བཏབ་འདྲ་རེད།སྟག་དམག་ཡག་ཚོང་དཔོན་བཞུགས་འདྲ་རེད།རྒྱབ་ཐིག་ལེ་ཚོང་ཁྲོམ་བཤམས་འདྲ་རེད།ཚོང་གཏམ་ཡ་ཡོད་གྲོགས་བསམ་པ་རེད། བྲག་དམར་ཡག་ཆོས་སྒར་བཏབ་འདྲ་རེད།རྒོད་ཐང་དཀར་བླ་མ་བཞུགས་འདྲ་རེད།རྒོད་ཐང་དཀར་བླ་མ་བཞུགས་འདྲ་རེད།རྒྱལ་ཐུབ་པ་ཆོས་གོས་གྱོན་འདྲ་རེད།ཆོས་ཞུ་རོགས་ཡོད་གྲོགས་བསམ་པ་རེད།