གླུ་མ་བསོད་ནམས་ཆོས་སྒྲོན་གྱི་གནས་ཚུལ་མདོར་བཀོད།

བསམ་འཕེལ་ནོར་བུ།    བོད་ཀྱི་དྲ་བ།    2011-03-17

གླུ་མ་བསོད་ནམས་ཆོས་སྒྲོན་གྱི་གནས་ཚུལ་མདོར་བཀོད།

གླུ་མ་བསོད་ནམས་ཆོས་སྒྲོན་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ནས་སྐྱེས་པ་དང་ཡུས་ཧྲུའུ་རྒྱང་སྒྲོག་བརྙན་འཕྲིན་སློབ་གྲྭ་ནས་སློབ་མཐར་ཕྱིན། བསོད་ནམས་ཆོས་སྒྲོན་སྔ་ཕྱིར་གླུ་ལེན་ཆེད་ཚོགས་རབ་དང་རིམ་པར་ཞུགས་མྱོང་པར་མ་ཟད། ཁོ་མོ་ཆུང་དུས་ནས་རྩོམ་རིག་གསར་རྩོམ་གཙོ་བྱས་པའི་སྒྱུ་རྩལ་གྱི་ལས་ཀར་ལྷན་སྐྱེས་ཀྱི་ཡོན་ཏན་དང་ཟབ་སྦྱོང་གི་སྤྲོ་བ་ལྷག་ཏུ་ཡོད་པས། ད་ལྟ་རང་ཉིད་ཀྱིས་དབྱངས་དང་ཚིག་བརྩམས་ནས་བླངས་པའི་གཞས་མང་པོ་ཞིག་ཡོད་པ་ལས་ཚབ་བྱེད་རང་བཞིན་གྱི་བརྩམས་ཆོས་ལ། «ཕ་ཡུལ་ཁྲི་འདུ་»དང་«ཚེ་སྲོག་གི་འགྲུལ་བཞུད།»«ལས་འབྲེལ། »«རེ་སྒུག»སོགས་ཡོད།

  • ལེ་ཚན་སྔོན་མ།:སྒྱུ་རྩལ་གྱིས་མི་སེམས་འཕྲོག་བའི་གླུ་མ་ཚེ་དབང་ལྷ་མོ།
  • ལེ་ཚན་རྗེས་མ།:གླུ་བ་ཤེར་བསྟན།
  • དོ་སྣང་ཆེ་བའི་རྩོམ།