རྨ་བྱའི་མཇུག་སྒྲོ་བཙུགས་པའི་ཁྭ་ཏ།

སྒྲོལ་དཀར་འཚོ།        2016-05-09

ཐེངས་གཅིག་ལ་ཁྭ་ཏ་ཞིག་གིས་ལུས་རྒྱབ་ཀུན་ཏུ་རྨ་བྱའི་སྒྲོ་སྤུ་བཙུགས་ཏེ་སེམས་ལ་རང་ལས་འཕགས་པའི་མཛེས་པ་གཅིག་ཀྱང་མེད་པར་རང་དང་རྨ་བྱ་གཉིས་འདྲ་འདུག་སྟེ། རྨ་བྱ་ཚོས་ང་མཐོང་ན་གྲོགས་པོ་ཞིག་ཡོང་གི་འདུག་བསམས་ནས་བསུ་བ་དང་། ཁྭ་ཏ་ཚོས་རིག་ན་ཡིད་མོས་པར་འགྱུར་ངེས་སྙམ་ནས། ང་རྒྱལ་ཁེངས་དྲེགས་ཀྱིས་ཡིད་ཚིམ་བཞིན་རྨ་བྱའི་ཕྱོགས་སུ་བསླེབས་ཏེ་གྲས་ལ་ཐོན་མ་ཐག རྨ་བྱའི་ཚོགས་ཀྱིས་དེ་ལ་དགའ་བའི་རྣམ་འགྱུར་སྟོན་པ་ཕར་ཞོག ཞེ་སྡང་སྐྱེས་པས་ཁྭ་ཏའི་ལུས་ཀྱི་སྒྲོ་རེ་གཉིས་ལུས་པའི་ཁྭ་ཏ་དེ་ངོ་ཚ་ནས་ཁྭ་ཏའི་ཚོགས་སུ་ལོག ཁྭ་ཏ་ཚོས་མཐོང་ནས་གཅིག་གིས་གཅིག་ལ་རང་ཅག་གི་གྲས་སུ་འདྲེ་བྱ་ཞིག་ཐོན་འདུག་ཟེར་ནས་ཁ་ཡ་གཅིག་ཀྱང་མི་བྱེད་པར་འདྲོག་འདྲོག་གི་ངང་ནས་བལྟས་པས། ཁྭ་ཏ་དེ་སུའི་གྲས་སུ་འགྲོ་སྲོལ་མེད་པར་ཁེར་རྐྱང་དུ་ལུས་སོ།།
  • ལེ་ཚན་སྔོན་མ།:གསེར་ཐང་ཁུག་གང་།
  • ལེ་ཚན་རྗེས་མ།:ཨ་ཁུ་ལྷ་སྐྱབས་ཀྱི་ནངས་ཇ།