བོད་ཀྱི་རྩོམ་རིག་དྲ་བ། 2011-12-06
དུས་ཚོད།
ལུག་ཡའན་ཞང་།(刘延湘)༼ཐའེ་ཝན༽
དུས་ཚོད་ནི་མྱུར་བགྲོད་རླངས་འཁོར་གྱི་གཞུང་ལམ་ཞིག
གཞུང་ལམ་ནི་ཁུ་སུམ་ལྷིང་འཇགས་ཀྱི་ཆུ་རྒྱུན་ཞིག
ཆུ་རྒྱུན་ནི་རྒྱ་མཚོའི་ལུས་པོའི་ཡན་ལག་ཅིག་ཡིན་ན
རྒྱ་མཚོ་ནི
ཆུ་བྱ་གང་མང་ཞིག་གི་ཁ་བརྡ་བྱེད་སའི་ཐང་ཆེན་ཞིག་ཡིན་དགོས་ལ
དུས་ཚོད་སྐྱེ་འཚར་གྱི་ས་གཞི་ཞིག་ཀྱང་ཡིན་དགོས་ལགས
ཧུའུ་ནན་གྱི་ཁངས་ཆེན།
ལའོ་ཧྥོའུ།(洛夫)༼ཐའེ་ཝན༽
གཞུང་ལམ་གཉིད་སོང་ཡང་ལམ་སྒྲོན་སད་ནས་འདུག
ས་འདམ་གཉིད་སོང་ཡང་སྡོང་རྩད་སད་ནས་འདུག
བྱ་བྱེའུ་གཉིད་སོང་ཡང་གཤོག་པ་སད་ནས་ཡོད
ལྷ་ཁང་གཉིད་སོང་ཡང་ཅོང་སྒྲ་སད་ནས་ཡོད
རི་ཆུ་གཉིད་སོང་ཡང་ཡུལ་ལྗོངས་སད་ནས་འདུག
དཔྱིད་ཁ་གཉིད་སོང་ཡང་ས་བོན་སད་ནས་འདུག
ཡན་ལག་གཉིད་སོང་ཡང་ཁྲག་རྒྱུན་སད་ནས་ཡོད
དཔེ་སྒམ་གཉིད་སོང་ཡང་སྙན་ཚིག་སད་ནས་ཡོད
ལོ་རྒྱུས་གཉིད་སོང་ཡང་དུས་ཚོད་སད་ནས་འདུག
འཇིག་རྟེན་གཉིད་སོང་ཡང་འུ་གཉིས་སད་ནས་འདུག
ཁ་བ་འབབ་པ་ལ་སྒྲ་མི་འདུག་གོ
2011.11.28ཉིན་ལ་རྐང་ཐང་བས་བསྒྱུར།(ལན་གྲུ
རྩོམ་གསར། 10