གལ་སྲིད་འཚོ་བས་ཁྱེད་ཉིད་མགོ་སྐོར་བཏང་ན།

        2013-06-04

གལ་སྲིད་འཚོ་བས་ཁྱེད་ཉིད་མགོ་སྐོར་བཏང་ན།

གལ་སྲིད་འཚོ་བས་ཁྱེད་ཉིད་མགོ་སྐོར་བཏང་ན
ཐུགས་སེམས་མ་སྐྱོ   ཁོང་ཁྲོ་མ་ལང
སྡུག་བསྔལ་གྱི་འཚོ་བར་ཞི་དུལ་ངང་རིང་བྱེད་དགོས
བདེ་སྐྱིད་འཚོ་བ་མི་འགྱང་བར་བསླེབ་པར་ཡིད་རྟོན་བྱེད་དགོས
སྙིང་གསོན་པོ་འཕར་ལྡིང་རེ་རེ་ནི
འབྱུང་འགྱུར་གྱི་འཚོ་བའི་སླད་དུ་ཡིན
དེ་རིང་གི་སེམས་ཁམས་ནི
སྐྱོ་སྣང་དང་སུན་སྣང་གིས་ཁེངས་རུང
མཁའ་དབྱིངས་ཀྱི་དུད་སྤྲིན་འཐོར་བ་ཇི་བཞིན
སྐད་ཅིག་ཙམ་གྱིས་ཡལ་ངེས
དེ་བཞིན་འདས་ཟིན་གྱི་གཏམ་རྒྱུད་དེ་དག་གིས
ང་ཚོར་གཅེས་སྤྲས་ཀྱི་འདུ་ཤེས་ཤིག་ཀྱང་བསྩལ་སྲིད
  • ལེ་ཚན་སྔོན་མ།:ཡུས་ཆིག་ཡུས་ཀྱིས་བརྩམས་པའི་ལྷུག་རྩོམ་ནང་བསྟན་དང་མི་ཚེ།
  • ལེ་ཚན་རྗེས་མ།: གལ་ཏེ་ཁྱོད་རང་མཛངས་མ་ཞིག་ཡིན་ན།