རྟགས་བརྒྱད་སྨོན་ཚིག་ཆུན་པོ།

ཨ་བཙུན་གཡུང་དྲུང་བཀྲ་ཤིས།        2025-02-28

            ཡབ་ཡུམ་གདུགས་དཀར་བྱམས་བརྩེའི་གྲིབ་བསིལ་འོག།

དལ་རྟེན་པད་མའི་ལང་ཚོ་མངོན་པར་བཀྲ།།

རྣམ་དཔྱོད་གསེར་ཉའི་འཁྱུག་རྩལ་རྒོད་པའི་ཆར།།

ཤེས་རིག་བུམ་བཟང་བདུད་རྩི་འཁྱིལ་བའི་གླིང་།།

ཐོས་བསམ་འཁོར་ལོ་བསྐོར་བའི་སྐལ་བཟང་ལྡན།།

སྡེ་སྣོད་དུང་དཀར་སྒྲོག་མཁས་རྒན་དང་ཕྲད།།

ཕུགས་འདུན་རྒྱལ་མཚན་སྒྲེང་པར་བརྩོན་པའི་མུར།།

ཚེ་སྲོག་དཔལ་བེའུའི་མདུད་པ་དམ་གྱུར་ཅིག།


  • ལེ་ཚན་སྔོན་མ།:རྫོགས་ལྡན་གཡང་གི་ལོ་སར།
  • ལེ་ཚན་རྗེས་མ།:བོད་ལོ་སར་དབྱངས་གསལ་སོ་བཞིས་མཆོད།