ཤིང་སྡོང་གཅིག་གི་རིན་ཐང་།

        2016-03-20

 འདིར་ལོ་ལྔ་བཅུར་སྐྱེས་པའི་སྡོང་བོ་འབྲིང་ཙམ་གྱིས་གསར་གཏོད་གནང་བའི་དངོས་བརྒྱུད་རིན་ཐང་གི་ཚད་སྒོར་མོས་འཇལ་བའི་དབང་དུ་བཏང་ན་ག་ཚོད་ཙམ་ཟིན་མིན་སྐོར་གྱི་བསྒྱུར་རྩོམ་ཞིག་བཀོད་ཡོད།
  རྒྱ་གར་གྱི་རྒྱ་ཨར་དགེ་རྟགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཞིག་གིས་ཚན་རིག་གི་ཞིབ་རྩིས་བྱས་པ་ལྟར་ན།ལོ་ལྔ་བཅུར་སྐྱེས་པའི་སྡོང་བོ་ཆེ་ཆུང་འབྲིང་ཙམ་ཞིག་བརྩི་གཞི་བྱས་ན།དེས་གསར་གཏོད་གནང་བའི་དངོས་དང་བརྒྱུད་པའི་རིན་ཐང་ནི།
  ༡.དབྱང་དབུགས་ཐོན་སྐྱེད་བྱས་པའི་རིན་ཐང་ཨ་སྒོར༣༡༢༥༠དང་།
  ༢.མཁའ་དབུགས་རྫོབ་སྐྱུར་སྔོན་འགོག་བྱས་པའི་རིན་ཐང་ཨ་སྒོར༦༢༥༠༠དང་།
  ༣.ས་ཆུ་སྲུང་སྐྱོབ་ཀྱི་རིན་ཐང་ཨ་སྒོར༣༧༥༠༠དང་།
  ༤.ས་བཅུད་ཤོར་བ་སྔོན་འགོག་བྱས་པའི་རིན་ཐང་ཨ་སྒོར༣༡༢༥༠དང་།
  ༥.ཕྱུགས་ཟོག་ལ་རླུང་གཡོལ་ཆར་སྐྱོབ་དང་བྱ་ཚང་བཟོ་བའི་ཆ་རྐྱེན་བསྐྲུན་པའི་རིན་ཐང་ཨ་སྒོར༣༡༢༥༠དང་།
  ༦.སྤྲི་དཀར་བཟོ་སྐྲུན་བྱས་པའི་རིན་ཐང་ཨ་སྒོར༢༥༠༠བཅས།
  བསྡོམས་པས་ཨ་སྒོར༡༩༦༢༥༠ཡིན།མི་དམངས་ཤོག་སྒོར་ལ་ཕབ་ན་ཁྲི་བརྒྱ་ལྷག་གི་རིན་ཐང་ལྡན་པ།ད་དུང་བཟོ་ལས་འཕྲུལ་ཆས་ལས་བྱུང་བའི་སྒྲ་མི་སྙན་པ་རྣ་བར་རྩུབ་པ་དག་ཀྱང་སེལ་བའི་ནུས་པ་དང་ལྡན་པ་བརྩི་གཞིར་ཆུད་མེད་དོ།།
 
  • ལེ་ཚན་སྔོན་མ།:ཕྱི་རྒྱལ་གྱི་ཤིང་འཛུགས་ཡུལ་སྲོལ།
  • ལེ་ཚན་རྗེས་མ།:ཤིང་འཛུགས་སྐོར་གྱི་ལོ་རྒྱུས་འགའ།