སྐྱེས་ཕོ་རབ་ཅིག་གི་ལས་མཛད།

རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།        2020-08-24

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་སྐྱེས་ཕོ་ཞིག་ལ་འཛོམས་འོས་པའི་བཟོ་ལྟ་སྟེ་ལས་སྒོ་ཡངས་ཤིང་སྐྱེན་དགོས་པ་ལས་ཉབ་ཉོབ་དང་ཁ་མང་བ་གཏན་ནས་མི་རུང་།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་ཕོ་སྒོ་མེད་ཀྱང་དོན་སྒོ་སྐྱོང་ཤེས་དགོས་ཏེ་ཡ་རབས་ཀྱི་གཤིས་དང་འགྲོགས་ཤིང་ཉམས་དོད་པ། རིག་པའི་འོག་འགྱུ་བ། ཞིབ་བུ། བློ་སྦྱོང་ཅན་ཞིག་ཡིན་དགོས།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་ཁོག་ལ་མདའ་ཤོང་མདུང་ཤོང་དགོས་ཏེ་དཀའ་སྡུག་གདོང་གིས་བསུ་བ་དང་ལས་མང་ཁུར་དུ་འཁྱེར་བ། བཟོད་པའི་སེམས་ལྡན་པ་ཞིག་དགོས།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་ཁེ་བཟང་ལེན་མཁས་དགོས་ཏེ་རྒྱུ་ནོམ་པ་བསགས་ཤིང་ཁེ་བཟང་བསྐྱེད་ནས་ཕྱུར་པོ་ནོར་གྱི་བདག་པོར་འགྱུར་དགོས།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་ཁ་བཤད་དོན་ལ་གནས་དགོས་ཏེ་རང་གིས་བསྐྱུག་པ་རང་གིས་མིད་པར་བྱའོ། །

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་མཁའ་ཡི་སྐར་རྩིས་ལ་མཁས་པ་དང་ས་ཡི་ས་ཁམས་ལ་བྱང་བ་ཞིག་མིན་ཆོག་ཀྱང་རྩལ་གཅིག་ཁྱད་པར་དུ་ལྡན་ཏེ་ཁྱིམ་བཟའ་ཚང་གི་ཁ་རྒྱབ་གསོ་རྒྱུའི་འགན་འཁྲི་གཟུར་དུ་མེད།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་རང་ཉིད་ཀྱི་དམིགས་སྒོ་དང་ཕུགས་འདུན་འཚོལ་དགོས་ཏེ། ཕམ་ཁུར་ཆོག་ཀྱང་ཕལ་བའི་ཕལ་བ་ལ་དགའ་བྲོད་པ་ཞིག་གཏན་ནས་མི་རུང་།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་འགན་འཁྲིའི་སྣང་བ་ལྡན་དགོས་ཏེ་རང་ཉིད་ཀྱི་ཁྱིམ་ཚང་དང་ལས་དོན་གང་ཡིན་ཡང་། བུ་སྤུན་དང་ཆུང་མ་གང་ཡིན་ཡང་གལ་གནད་ཀྱི་དུས་སུ་རང་ཉིད་ཀྱི་འགན་འཁྲི་ཁྱོགས་དགོས།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་སྒམ་པོ་དང་བབ་བརླིང་ཞིག་ཡིན་དགོས་ཏེ་སྒམ་པོ་ནི་སྐྱེས་ཕོ་ཞིག་བུ་ཕོ་ལས་ཐ་དད་དུ་འབྱེད་པའི་རྟགས་ཀྱི་མཚན་མ་ཡིན།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་སྐྱོན་ཆ་བདོག་ཀྱང་སྦས་སུ་མི་རུང་བར་སྐྱོན་ཆ་འདོར་བར་མཁས་དགོས།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་བློ་དཀར་གྱི་བསམ་པས་བུད་མེད་ཀྱི་སེམས་སྒོ་འབྱེད་ཤེས་དགོས།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་ཨམ་གཙིགས་བསྡམས་ནས་ཀྱང་དོན་གྱི་མཐར་ཐུག་པར་སྙེག་དགོས་པ་ལས་མཐའ་མི་འཁྱོལ་བའི་ལས་སུ་འཇུག་མི་རུང་།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་གལ་གནད་དུས་སུ་འཕྲད་ཐག་ཆོད་པ་ཞིག་དགོས་པ་ལས་ཡིད་གཉིས་ཟ་བ་དང་ཐེ་ཚོམ་པ། འཕྲད་ཐག་མི་ཆོད་པ་ཞིག་མི་འོས།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་འབྲེལ་རྒྱ་ཡངས་དགོས་ཏེ་ས་གར་སོང་ས་ན་གྲོགས་ཤིག་དང་ལས་གང་བརྩམས་འཕྲོ་ན་རོགས་བྱེད་མཁན་ཞིག་ངེས་ཅན་དུ་མཁོ།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་རང་ཉིད་ཀྱི་ཆུང་མར་སྲུང་སྐྱོབ་དང་བརྩི་འཇོག་བྱེད་ཤེས་དགོས་ཏེ་ཆུང་མ་གང་དེས་རང་ལ་མགོ་བསྐོར་བ་དང་རྫུན་གཏམ་པ་གང་ཡིན་ཡང་བསྒྲུབས་མི་འདོད་པ་ཞིག་ཡིན་ཕྱིན་བཙན་གྱིས་བསྒྲུབ་ཏུ་འཇུག་པ་དང་གཅར་རྡུང་གཏན་ནས་མི་རུང་།

སྐྱེས་ཕོ་རབ་ཅིག་ཡིན་ཕྱིན་རྟག་བརྟན་ཐེར་ཟུག་གི་སྙིང་རུས་དང་བློ་བརྟན་ཕེར་དགོས་ཏེ་འཇིག་རྟེན་དུ་ཉེན་ཁ་དང་བསླུ་བྲིད་ཀྱིས་བརྟས་ཀྱང་སྙིང་རུས་ཆུང་ཆེས་ན་ཕམ་ཁ་འཁེལ་སླ། དཀའ་ཁག་ཨེན་ཙམ་གྱིས་ཀྱང་གཞོམ་པར་ནུས་ན་དེ་ནི་སྐྱེས་ཕོ་རབ་ཅིག་མིན་པའི་རྟགས་རེད་དོ། །

  • ལེ་ཚན་སྔོན་མ།:ཤིང་འཛུགས་སྐོར་གྱི་ལོ་རྒྱུས་འགའ།
  • ལེ་ཚན་རྗེས་མ།:རྟ་བཤད་མཁས་པ་འཛུམ་ཤོར།