སྐྱབས་ཆེན་བདེ་གྲོལ།

མཚོ་སྔོན་བོད་ཡིག་གསར་འགྱུར།    ནགས་ཀློང་ཁུ་བྱུག་འདུ་གནས།    2010-12-31

       


སྐྱབས་ཆེན་བདེ་གྲོལ།སྐྱབས་ཆེན་བདེ་གྲོལ།



སྐྱབས་ཆེན་བདེ་གྲོལ་ལགས་ནི༡༩༧༧ལོའི་ཟླ་བཞི་བར་ཀན་སུའུ་རྨ་ཆུ་རྫོང་ཆུ་ཁ་མ་ཞང་དུ་སྐྱེས།སྔར་ཕྱིར་རྨ་ཆུ་རྫོང་ཆུ་ཁ་མ་སློབ་ཆུང་དང་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་།ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་བཅས་ནས་སློབ་མཐར་ཕྱིན་ད་ལྟ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་དགེ་རྒན་བྱས་ཡོད།རང་ལོ་བཅུ་གཉིས་ནས་བཟུང་ད་ལྟའི་བར་རྩོམ་ཡིག་ཆིག་སྟོང་དྲུག་བརྒྱ་ལྷག་བྲིས་ལ་དེ་དག་ལས་སྒྲུང་གཏམ་དང་སྙན་ངག་ལྷུག་རྩོམ་སོགས་བརྩམས་ཆོས་དྲུག་ཅུ་ལྷག《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《མཚོ་སྔོན་བོད་ཡིག་གསར་འགྱུར》《སྦྲང་ཆར》སོགས་དུས་དེབ་དང་ཚགས་པར་དུ་བཀོད།《ཀན་ལྷོ་གསར་འགྱུར》གྱི་ཕུལ་བྱུང་འཕྲིན་གཏོང་མཁན་སོགས་བྱ་དགའ་ཡང་ཐོབ་མྱོང་།༡༩༩༨ལོར་སྙན་ངག་དེབ་ཆུང《མི་ཁོམ་པའི་གནས་དང་དེའི་བདག་པོ》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།ཁོའི་སྒྲུང་གཏམ་ཕྱོགས་བསྒྲིགས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད།

  • ལེ་ཚན་སྔོན་མ།: ལྷ་རྒྱལ་ཚེ་རིང་།
  • ལེ་ཚན་རྗེས་མ།:ཁྱུང་ཐར་རྒྱལ།