སློབ་དཔོན་ཆེན་མོ་ལྷ་མོ་སྐྱབས་ངོ་སྤྲོད་མདོར་བསྡུས།

        2013-12-13

སློབ་དཔོན་ཆེན་མོ་ལྷ་མོ་སྐྱབས་ངོ་སྤྲོད་མདོར་བསྡུས།

སློབ་དཔོན་ཆེན་མོ་ལྷ་མོ་སྐྱབས་(李延福)ནི།དེ་སྔའི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དམིགས་དངུལ་འབོར་ལེན་པའི་ཆེད་མཁས་པ།འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཅས་ཡིན། ཁོང་ནི་སྤྱི་ལོ1938ལོའི་ཟླ1པོའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ཟི་ལིང་ནས་སྐུ་འཁྲུངས།1957ལོའི་ཟླ9བར་ལན་ཀྲོའུ་སློབ་ཆེན་དངོས་ལུགས་སྡེ་ཁག་ལ་རྒྱུགས་འཕྲོད།སློབ་མཐར་ཕྱིན་རྗེས།སློབ་གྲྭ་དེའི་དངོས་ལུགས་སྡེ་ཁག་ནས་དགེ་རྒན་གྱི་ལས་ཀ་གཉེར།1970ལོའི་ཟླ9བ་ནས་1974ལོའི་ཟླ11བར་མཚོ་སྔོན་སྐུད་མེད་གློག་བཟོ་གྲྭ་དང་པོའི་འཁོར་ཁང་གསུམ་པའི་ཀྲུའུ་རེན་གཞོན་པའི་འགན་ཁུར།1974ལོའི་ཟླ11པ་ནས་མཚོ་སྔོན་དགེ་འོས་སློབ་ཆེན་དུ་ལས་གནས་སྤར། ལོ་ངོ40ལྷག་གི་རིང་ལ་ཁོང་གིས་བོད་རིགས་ཕུལ་བྱུང་ཅན་གྱི་ཆེད་ལས་ལག་རྩལ་མི་སྣ་མང་པོ་སྐྱེད་སྲིང་བྱས་ཏེ།མི་རིགས་སློབ་གསོའི་འཕེལ་རྒྱས་ལ་མངོན་པར་གསལ་བའི་བྱས་རྗེས་བཞག་ཡོད།ཁོང་གིས་སྣེ་འཁྲིད་འོག མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་སློབ་གསོ་དང་ཞིང་ཆེན་ཕྱིའི་སློབ་གྲྭ་ཆེན་པོའི་བར་མཉམ་འབྲེལ་བྱས་པའི་སློབ་སྒྲུབ་ཀྱི་རྣམ་པར་འབྲས་བུ་མངོན་གསལ་ཐོན།ཁོང་གིས་སློབ་ཁྲིད་དོ་དམ་དང་སློབ་ཁྲིད་ལས་འགན་ཡོངས་འགྲུབ་བྱས་པ་དང་མཉམ་དུ།ཚན་རིག་ཞིབ་འཇུག་གི་བྱ་བར་ཧུར་བརྩོན་གནང་བས་གྲུབ་འབྲས་ཀྱང་མངོན་གསལ་བླངས་ཡོད།དེ་ལས་ཁོང་གིས་མགོ་འཛིན་བྱས་པའི་ཞིང་ཆེན་རིམ་པའི་ལས་གཞི《མཚོ་སྔོན80.0རྨང་གཞི་སའི་ཁབ་ལེན་ར་བ》ལ1986ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་།སློབ་ཁྲིད་ཞིབ་འཇུག་ལས་གཞི《དཀྱུས་མའི་མཐོ་རིམ་སློབ་གྲྭའི་མི་རིགས་འཛིན་གྲྭའི་བོད་རྒྱ་སྐད་གཉིས་སློབ་ཁྲིད་བརྟག་དཔྱད》ལ་རྒྱལ་ཁབ་སློབ་ཨུའི་དཀྱུས་མའི་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་སློབ་ཁྲིད་ཀྱི་གྲུབ་འབྲས་ཏེ་རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་ཞིང་ཆེན་རིམ་པའི་ཨང་དང་པོ་ཐོབ།《མཚོ་སྔོན་ཞིང་ཆེན་མི་རིགས་མཐོ་རིམ་སློབ་གསོ་གོང་དུ་སྤེལ་བའི་འཐབ་ཇུས་ཀྱི་བསམ་གཞིག》ཅེས་པར1993ལོའི་མཚོ་སྔོན་ཞིང་ཆེན་ཐེངས་གསུམ་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཕུལ་བྱུང་ཚན་རྩལ་ཞིབ་འཇུག་གྲུབ་འབྲས་བྱ་དགའ་ཐོབ།《ཚན་རྩལ་ཐ་སྙད་གསར་བའི་བོད་ཡིག་ལོ་ཙྰའི་ཇུས་གཞི་གསར་བ》ཞེས་པར་རྒྱལ་ཡོངས་བོད་ཡིག་ལོ་ཙྰའི་ཕུལ་བྱུང་བྱ་དགའ་ཐོབ།《ཚན་རྩལ་ཐ་སྙད་གསར་བའི་བོད་ཡིག་ལོ་ཙྰའི་ཇུས་གཞི་གསར་བ》ཞེས་པར་རྒྱལ་ཡོངས་བོད་ཡིག་ལོ་ཙྰའི་ཕུལ་བྱུང་བྱ་དགའ་ཐོབ།ཁོང་གིས་མགོ་འཛིན་བྱས་པའི་རྒྱལ་ཁབ863ཚན་རྩལ་ཞིབ་འཇུག་ལས་གཞི《རྒྱ་བོད་ཚན་རྩལ་འཕྲུལ་ཆས་ཡིག་སྒྱུར་མ་ལག》ལ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཡར་ཐོན་ཨང་གཉིས་པའི་བྱ་དགའ་ཐོབ།《རིག་ཚན་བོད་ཡིག་བསླབ་དེབ་ཡིག་སྒྱུར་ཞིབ་འཇུག་དང་སློབ་ཁྲིད་ལག་ལེན》ལ་དཀྱུས་མའི་མཐོ་སློབ་ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་ཏེ་ཞིང་ཆེན་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ།
ཁོང་གིས་ཧུར་ཐག་གིས་ཚན་རིག་ཞིབ་འཇུག་སྤེལ་བར་དང་དུས་མཚུངས་སུ།སྔ་གཞུག་ཏུ་བརྩམས་གནང་དང་སྒྲིག་སྒྱུར་གནང་བའི་《སྲ་གཟུགས་དངོས་ལུགས་རིག་པ》《ཀྲུང་གོའི་བོད་ཁུལ་གྱི་ཚན་རྩལ་འཕེལ་རྒྱས་དང་ད་ལྟའི་གནས་བབ》《དེང་རབས་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་གཉིས་སློབ་ཁྲིད་ཀྱི་གཞུང་ལུགས་དང་ལག་ལེན》《བོད་རིགས་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས》སོགས་དཔྱད་རྩོམ(རྩོམ་སྒྲིག)བཅུ་ཕྲག་ལྷག་དུས་དེབ་སྣ་ཚོགས་སུ་བཀོད་ཡོད།
སློབ་དཔོན་ཆེན་མོ་ལྷ་མོ་སྐྱབས་མཆོག་གིས1985ལོ་ནས་བཟུང་སྔ་གཞུག་ཏུ་རྒྱལ་ཡོངས་མཐོ་རིམ་དགེ་འོས་སློབ་གྲྭའི་སྲ་གཟུགས་དངོས་ལུགས་སློབ་ཁྲིད་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཨུ་ཡོན་དང་།མཚོ་སྔོན་མི་རིགས་སློབ་གསོ་ཞིབ་འཇུག་ཚོགས་པའི་རྒྱུན་ཨུ།མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གསོ་ཚོགས་པའི་རྒྱུན་ཨུ་གཞོན་པ་སོགས་རིག་གཞུང་ཚོགས་པའམ་སྤྱི་ཚོགས་ལས་འགན་བཞེས་མྱོང་ཞིང་།1989ལོའི་ཟླ9བར་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྣའི་གཟེངས་བསྟོད་ཐོབ་པ་མ་ཟད།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བསྒྲིགས་པའི《དེང་རབས་ཀྲུང་གོའི་གྲངས་ཉུང་མི་རིགས་མིང་གྲགས་ཅན་གྱི་མིང་ཐོ》རུ་བདམས།
2006ལོའི་ཟླ10བར་ལས་འཁྱུར་ངལ་གསོ་བྱས།2012ལོའི་ཟླ7པའི་ཚེས27ཉིན་གྱི་ཆུ་ཚོད་9དང་སྐར་མ30སྟེང་ཟི་ལིང་ནས་སྐུ་གཤེགས།དགུལ་ལོ75ཡིན།
  • ལེ་ཚན་སྔོན་མ།:དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ལགས་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:སྲིན་པོ་རྫ་འདབས་ཀྱི་སྒྱུ་རྩལ་འཚོལ་སྙེག་མཁན།
  • དོ་སྣང་ཆེ་བའི་རྩོམ།