འཕགས་པ་ལྷ་བློ་བཟང་འཇིགས་མེད་དཔལ་ལྡན་བསྟན་པའི་ཉི་མ།

དུང་དཀར་ཚིག་མཛོད་ཆེན་མོ་ལས་དྲངས།        2019-01-28

    ༼  འཕགས་པ་ལྷ་སྐུ་ཕྲེང་བརྒྱད་པ།༽ རབ་བྱུང་བཅུ་གསུམ་པའི་ཤིང་ཡོས༼ ༡༧༩༥༽ ལོར་ལི་ཐང་དུ་འཁྲུངས།མེ་འབྲུག་ཟླ་བ་བརྒྱད་པའི་ཚེས་གཅིག་ཉིན་རྒྱལ་དབང་སྐུ་ཕྲེང་བརྒྱད་འཇམ་དཔལ་རྒྱ་མཚོ་དང་།སྲིད་སྐྱོང་རྟ་ཚག་ནོ་མོན་ཧན།བོད་སྡོད་སུང་ཨམ་བན། ཧེང་ཨམ་བན་བཅས་ལྷན་འཛོམས་ཀྱིས་འཕགས་པ་ལོ་ཀཻ་ཤྭ་རའི་སྤྱན་སྔར་གོང་མའི་འདྲ་ཐང་མདུན་གསེར་བུམ་བརྟག་ནས་ཐོན་པ་བཞིན་གོང་མར་གསེར་སྙན་སྒྲོན་པར་བོད་སྡོད་སུང་ཨམ་བན་བརྒྱུད་གོང་མས་གསེར་ཡིག་དང་ཁ་བཏགས་སོགས་བསྩལ་བའི་གཟིགས་བཟོས་ཐོབ།དགུང་ལོ་ཞེ་གསུམ་པ་རབ་བྱུང་བཅུ་བཞི་པའི་མེ་ལུག༼ ༡༨༤༧༽ ལོར་སྐུ་གཤེགས།

 ༼  དུང་དཀར་ཚིག་མཛོད་ཆེན་མོ་ལས་བཤུས།༽


  • ལེ་ཚན་སྔོན་མ།:འཕགས་པ་ལྷ་བློ་བཟང་བསྟན་འཛིན་དགེ་ལེགས་རྣམ་རྒྱལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།