སེར་ཤུལ་རྫོང་གི་འཐུས་མི་ཚོགས་པས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་སྐོར་ལ་གྲོས་བསྡུས་བྱས་པའི་ཟུར་བྲིས།

ཀུན་དགའ་དང་མིག་དམར། བདེ་ཆེན་བཅས་ཀྱིས་གནས་ཚུལ་བཀོད།        2011-01-17

ཟླ་བ་དང་པོའི་ཚེས10ཉིན་གྱི་ཕྱི་དྲོ་ནས་ཚེས11ཉིན་བར། སེར་ཤུལ་རྫོང་གི་འཐུས་མི་ཚོགས་པས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་སྐོར་ལ་ནན་ཏན་གྱིས་གྲོས་མོལ་བྱས་པ་རེད། འཐུས་མི་ཧྥན་ཝུན་ཧྭས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ནི་དོན་དངོས་དང་ཧ་ཅང་མཐུན་པ་ཞིག་རེད།  2011ལོའི་ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་དང་འགལ་བ་གཙོ་བོ་དམ་འཛིན་བྱས་ཡོད་པ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་པ་གཅིག་ཏུ་སྦྲེལ་ནས་དོན་ཐོག་ཏུ་འཁྱོལ་བ་ནན་འཛིན་གྱིས་དང་མ་འོངས་པའི་ལོ་ལྔའི་ནང་དཀར་མཛེས་ཁུལ་སྔར་ལྷག་གིས་འོད་སྟོང་འབར་བ་ངེས།   ཁོང་གིས་སེར་ཁུལ་རྫོང་གི་གཤམ་གྱི་ལས་དོན་འགའ་ལ་འབད་བརྩོན་ལྷོད་མེད་ཀྱིས་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ལ་ཚན་རིག་དང་མཐུན་པར་གཏན་འབེབས་བྱས་ནས་ལས་ཀའི་རྣམ་གྲངས་དམ་འཛིན་བྱེད་དགོས་དང་གཅིག       གནོད་སྐྱོན་རྗེས་ཀྱི་བསྐྱར་འཛུགས་དང་འབྲོག་དམངས་གཞིས་ཆགས་གཙོ་བོར་བྱེད་པའི་དམངས་འཚོ་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་བྱེད་དགོས་པ་དང་གཉིས།  འགྲིམ་འགྲུལ་སྒྲིག་ཆས་ཀྱི་འཛུགས་སྐྲུན་གཙོ་བོར་བྱེད་པའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་བྱེད་དགོས་པ་དང་གསུམ།   སྤྱི་ཚོགས་དོ་དམ་དང་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན། གཞི་རིམ་གྱི་སྲིད་དབང་སྲ་བརྟན་གཏོང་རྒྱུ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་བཞི་ཡི་རེ་འདུན་བཏོན་པ་རེད། །    འཐུས་མི་ཀརྨ་དོན་གྲུབ་ཀྱིས་བཤད་རྒྱུར། གློག་མེད་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་མི་ཐུབ་པ་ནི་སེར་ཤུལ་རྫོང་ལ་མཚོན་ན་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་འགལ་རྐྱེན་གཙོ་བོ་རེད། ཕྱིན་ཆད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་ལས་ལྷག་པའི་སྒོ་ནས་སེར་ཤུལ་རྫོང་གི་གློག་སྤྱོད་དཀའ་བའི་གནས་ཚུལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་སྐོར་རྒྱབ་སྐྱོར་རོགས་རམ་བྱེད་རྒྱུའི་རེ་འདུན་བཏོན་པ་རེད། འཐུས་མི་འཇམ་དགའ་ཡིས་གདོང་ལ་དགའ་སྤྲོ་ཁེངས་ནས་ཐེངས་འདིའི་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ལ་རྦད་དེ་ཡིད་མཐུན་ཡོད་པ་དང་། སྙན་ཞུ་དེ་ནི་དོན་དངོས་དང་ཧ་ཅང་མཐུན་པ་ཞིག་ཡིན་པ་མ་ཟད་ནང་དོན་གཟབ་ལ་གཙོ་གནད་འབུར་དུ་ཐོན་པའི་དངོས་ཐོག་བདེན་འཚོལ་གྱི་ལས་ཀའི་སྙན་ཞུ་ཞིག་ཀྱང་རེད་ཅེས་བཤད།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་
  • ལེ་ཚན་རྗེས་མ།:ཐབས་བརྒྱ་ཇུས་སྟོང་གིས་མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་ཐབས་ལམ་འཚོལ་དགོས།
  • དོ་སྣང་ཆེ་བའི་རྩོམ།