ལིའུ་ཏའོ་ཕིང་གིས་དཀར་མཛེས་འཐུས་མི་ཚོགས་པའི་ནང་ཞུགས་ནས་གྲོས་བསྡུར་གནང་སྐབས་གོ་སྐབས་དམ་འཛིན་དང་ཁ་གཏད་འཇལ་བ།འབད་བརྩོན་བྱས་ནས་གྲུབ་འབྲས་ཐོབ་གང་ཐུབ་བྱེད་དགོས་ཞེས་ནན་གསུང་གནང་བ།

ཀུན་དགའ་བསམ་གཏན་གྱིས།        2011-01-13

ཟླ་བ་དང་པོའི་ཚེས10ཉིན་གྱི་ཕྱི་དྲོར།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་ཁུལ་ཨུའི་སྐབས་བཅུ་པའི་དམངས་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཞི་པའི་དཀར་མཛེས་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ནས་འཐུས་མི་ཚོ་དང་མཉམ་དུ་ཞིབ་བཤེར་གྲོས་མོལ་དང་དཀར་མཛེས་རྫོང་འཕེལ་རྒྱས་གྱི་བསམ་ཚུལ་བརྗེ་རེས་བྱས་པར་མ་ཟད།གསུང་བཤད་ཀྱང་གནང་བ་རེད།
     ལིའུ་ཏའོ་ཕིང་གིས་བསྟན་དོན།སྤྱི་ཁོག་གི་གནས་བབ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར།འཕེལ་རྒྱས་ཀྱི་སྒུལ་ཤུགས་བཅས་ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་ནས།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ་རང་ཁུལ་ནི་འཕེལ་ཚད་ཀྱི་གོ་སྐབས་བཟང་པོ་ཞིག་ཏུ་གནས་ཡོད་པས།ང་ཚོས་གོ་སྐབས་དམ་འཛིན་དང་འབད་བརྩོན་ལྷོད་མེད་ཀྱིས་རང་ཁུལ་མཆོང་བརྒལ་འཕེལ་རྒྱས་འགྲོ་བར་ཤུགས་སྣོན་རྒྱག་དགོས།
     འཐུས་མི་བཀྲ་ཤིས་བསམ་འགྲུབ་ཀྱིས་བཤད་རྒྱུར།མིག་སྔར་དཀར་མཛེས་རྫོང་གི་གནད་འགག་ཆེ་ཤོས་ཞིག་ནི་ཤེས་ལྡན་མི་སྣ་མི་འདང་བ་ཡིན་པ།ལིའུ་ཏའོ་ཕིང་གིས་གསུང་དོན།ས་ཁམས་ཀྱི་གནས་ཡུལ་དང་ས་ཁུལ་གྱི་ཆ་རྐྱེན།གནམ་གཤིས་ཀྱི་ཆ་རྐྱེན་སོགས་ཕྱི་རོལ་གྱི་རྒྱུ་རྐྱེན་ལས་དཀར་མཛེས་རྫོང་གི་ཤེས་ལྡན་མི་སྣ་མི་འདང་བའི་གནས་ཚུལ་བྱུང་།ཁྱེད་ཚོས་ཕྱོགས་གཅིག་ནས་རང་སའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱེད་དགོས་པ་དང་།ཕྱོགས་གཞན་ཞིག་ནས་ས་ཆ་གཞན་དག་གི་ཤེས་ལྡན་མི་སྣ་ནང་འགུགས་བྱེད་དགོས་པ་དང་ཆབས་ཅིགད་ལྟ་ཡོད་པའི་ཤེས་ལྡན་མི་སྣ་རྣམས་བེད་སྤྱོད་ཡག་པོ་བྱེད་དགོས།
     འཐུས་མི་ཀྲང་ཡུང་ཏེ་ཡིས་འདས་པའི་ལོ་ལྔ་ནི་དམངས་ལ་དངོས་ཕན་ཐོབ་མང་ཤོས་ཀྱི་ལོ་ལྔ་ཡིན་པ་དང་།ཁྱད་པར་དུ་དཀར་མཛེས་རྫོང་གི་གྲོང་ཚོ་ཡོངས་སུ་སྐུལ་འདེད་བཏང་བའི་ལས་ཀ་ལག་བསྟར་བྱས་པ་དེས་དམངས་ཀྱི་ཁང་བ་མཛེས་བཟོ་བྱས་པ་དང་གྲོང་གསེབ་ཀྱི་འགྲོ་ལམ་རྒྱ་ཆེ་རུ་བསྒྱུར་བ་རེད་ཅེས་བཤད།ལིའུ་ཏའོ་ཕིང་གིས་སྐད་ཆ་དེ་གསན་རྗེས་སེམས་སྤྲོའི་ངང་ནས་བསྟན་དོན།ཕྱིན་ཆད་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མུ་མཐུད་ནས་དཀར་མཛེས་རྫོང་གི་གྲོང་ཚོ་ཡོངས་སུ་སྐུལ་འདེད་བཏང་བའི་ལས་ཀར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།དཀར་མཛེས་རྫོང་གིས་ཉམས་མྱོང་ཕྱོགས་བསྡོམས་དང་མུ་མཐུད་འཐུས་ཚང་བཏང་ནས་གྲོང་རྡལ་ཅན་གྱི་ཚད་ལྡན་གཞིར་བཟུང་ནས་ཞིང་སྡེ་གསར་པ་འཛུགས་སྐྲུན་བ་རྒྱུར་སྐུལ་འདེད་གཏོང་དགོས།
     ལིའུ་ཏའོ་ཕིང་གིས་གསུངས་དོན།《སྲིད་གཞུང་གི་ལས་ཀ་སྙན་ཞུ》ནི་རང་ཁུལ་གྱི་དོན་དངོས་དང་མཐུན་པ་ཞིག་ཡིན་པ་དང་།ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་ན་ནིང་གི་ལས་ཀར་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་ལ་རྔམ་བརྗིད་ཅན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པར་རྒྱང་ལྟ་བྱས་པ་ཞིག་ཀྱང་ཡིན།ནང་དོན་གཟབ་ལ་གཙོ་གནད་འབུད་དུ་ཐོན་པའི་དངོས་ཐོག་བདེན་འཚོལ་གྱི་ལས་ཀའི་སྙན་ཞུ་ཞིག་རེད།ཁོང་གིས་མུ་མཐུད་ནས་བསྟན་དོན།ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་སུ་ཁུལ་ཡོངས་ཀྱི་མང་ཚོགས་ཀྱིས་སེམས་པ་གཅིག་ཏུ་སྦྲེལ་ནས་རང་རྟོགས་ཀྱིས་ཐེངས་དང་པོའི་འོས་འགན་ཕྲག་ཏུ་ཁུར་བ་དང་ཁ་བྲལ་གཏོར་བཤིག་བྱེད་མཁན་ལ་རྡུང་རྡེག་དྲག་པོ་གཏོང་བ།དངུལ་རྩའི་ཉམས་ཉེན་ལ་ཧུར་ཐག་འཇལ་བ་བཅས་བྱས་ནས་ཆབ་སྲིད་དང་དཔལ་འབྱོར།སྤྱི་ཚོགས།རིག་གནས།སྐྱེད་ཁམས་དཔལ་ཡོན་སོགས་ཀྱི་འཛུགས་སྐྲུན་ཐད་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་རེད།ལོ་ལྔའི་འཆར་གཞི་བཅུ་གཅིག་པ་ནི་ཁུལ་ཡོངས་སུ་འཕེལ་རྒྱས་ཇེ་མགྱོགས་བཏང་ཡོད་པའི་ལོ་ལྔ་ཡིན་ལ་དམངས་འཚོ་ལ་དངོས་ཕན་ཐོབ་ཡོད་པའི་ལོ་ལྔ་ཡང་ཡིན།འདི་ནི་ཀྲུང་དབྱང་དང་ཞིང་ཆེན་གྱིས་ཐུགས་ཁུར་རྒྱབ་སྐྱོར་ལ་ཁེ་ཕན་ཐོབ་པ་ཞིག་ཡིན་ལ་སྲིད་གཞུང་རིམ་པ་ཁག་གིས་དཀའ་སྤྱད་སྡུག་རུས་བྱས་པར་ཁེ་ཕན་ཐོབ་པ་ཞིག་ཡིན།ཁུལ་ཡོངས་མི་དམངས་ཀྱིས་ཐུན་མོང་གིས་འབད་བརྩོན་བྱས་པར་ཁེ་ཕན་ཐོབ་པ་ཞིག་ཀྱང་ཡིན།ལོ་ལྔའི་འཆར་གཞི་བཅུ་གཅིག་པ་ཡིས་རང་ཁུལ་མཆོངས་བརྒལ་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་འདིང་བ་དང་ཆ་རྐྱེན་བཟང་པོ་བསྐྲུན་ཡོད་པ་རེད།
     ལིའུ་ཏའོ་ཕིང་གིས་དཀར་མཛེས་རྫོང་གིས་ལོ་ལྔའི་འཆར་གཞི་བཅུ་གཅིག་པར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེན་གནང་བར་མ་ཟད་དཀར་མཛེས་རྫོང་གི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་གྲོས་གཞི་དང་བསམ་འཆར་ཡང་བཏོན་གནང་བ།ཁོང་གིས་གསུངས་དོན།དཀར་མཛེས་རྫོང་གིས་འཆར་འགོད་ད་བརྒལ་བྱེད་དགོས་ལ།འགྲིམ་འགྲུལ་སྐྱེལ་འདྲེན་དང་ཐོན་ཁོངས་ཆགས་ཡུལ་ཕུན་སུམ་ཚོགས་པ་བདེ་སྤྱོད་བྱས་ནས་ཐོན་ལས་འཛུགས་སྤེལ་བྱས་ནས་་དཀར་མཛེས་རྫོང་དེ་རང་ཁུལ་བྱང་རྒྱུད་ཀྱི་དངོས་རྫས་རུབ་བསྡུས་ལྟེ་གནས་དང་དེང་རབས་ཞབས་ཞུ་ལས་རིགས་ཀྱི་འཛད་སྤྱོད་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱ་དགོས།
  • ལེ་ཚན་སྔོན་མ།:སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་
  • ལེ་ཚན་རྗེས་མ།:ཐབས་འདོན་ཇུས་འདོན་བྱས་ཏེ་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་དགོས་གསུངས།
  • དོ་སྣང་ཆེ་བའི་རྩོམ།