རང་ཁུལ་གྱིས་དབྱར་རྩྭ་རྐོ་བའི་དུས་ཚིགས་ཀྱི་མང་ཚོགས་ལས་ཀ་ཡག་པོ་བསྒྲུབས།

ཨན་རུང་མེས།        2014-06-06

དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སུ་ཁུལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་སྲུང་སྐྱོང་བྱེད་ཆེད།རང་ཁུལ་གྱིས་དོན་དངོས་དང་བཟུང་འབྲེལ་བྱས་ནས་མང་ཚོགས་ལས་ཀ་ཡོངས་སུ་སྤེལ་རྒྱུས་གཙོ་བོ་བྱས་ནས་སྔར་ལས་ལྷག་པར་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སུ་ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོ་ལས་ཀ་དང་།འགལ་བ་དང་རྩོད་གླེང་བརྟག་དཔྱད་དང་ཐག་གཅོད།སྤྱི་ཚོགས་བདེ་འཇགས་དོ་དམ་ཚོད་འཛིན་བཅས་ཀྱི་ལས་ཀ་ཤུགས་ཆེན་བྱས་ནས་ནུས་ཤུགས་ཡོད་དགུས་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སུ་ཁུལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་པ།
    དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སུ་རྫོང་སོ་སོས་དུས་ཐོག་ཏུ་རྫོང་དང་ཤང་རིམ་པ་གཉིས་ཀྱི་དོ་དམ་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་།རྫོང་དང་ཤང་བར་དང་ཤང་དང་གྲོང་ཚོ་བར་འགན་འཁྲིའི་ཡི་གེ་བཞག་ནས་ཕྱོགས་ཡོངས་ནས་དབྱར་རྩྭ་དགུན་འབུ་རྐོ་རྒྱུ་དང་ཚོང་གཉེར་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་།དུས་ཐོག་ཏུ་དབྱར་རྩྭ་དགུན་འབུ་རྐོ་རྒྱུའི་དོ་དམ་ལས་ཀའི་གྲོས་ཚོགས་འཚོགས་ནས་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སྐབས་ཀྱི་བརྟན་བརླིང་སྲུང་སྐྱོང་གི་ལས་ཀ་བཀོད་སྒྲིག་བྱེད་པ་དང་།དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་ལ་མང་ཚོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འབུ་རྐོ་རྒྱུ་དང་ཉེན་མེད་བདེ་འཇགས་ལ་དོ་སྣང་སོགས་བྱེད་དགོས་པའི་ཁྲིད་སྟོན་སློབ་གསོ་བྱེད་དགོས་པ་དང་།རྒྱལ་གཅེས་དང་ཁྲིམས་སྲུང་།དྲིན་གཟོ་བཅས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དེས་གཞི་འཛིན་ས་བྱས་ནས་མང་ཚོགས་ལས་སྒྲུབ་ཚོ་ཆུང་དང་འོས་འགན་དྲིལ་བསྒྲགས་རུ་ཁག་བཙུགས་པ་དང་ཡུལ་མི་ཚོགས་ཆེན་འཚོག་པའི་བྱེད་སྟངས་ཐོག་ནས་སློབ་གསོ་དང་བཅའ་ཁྲིམས།སྲིད་ཇུས་བཅས་གྲོང་ཚོ་དང་དུད་ཚང་།འབུ་རྐོ་ས་སོགས་སུ་སྐྱེལ་བཅུག་པ་དང་།ནུས་ཤུགས་ཡོད་དགུས་འབུ་རྐོ་ས་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ཏེ་མང་ཚོགས་ལས་ཀ་ཡག་པོ་བསྒྲུབས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་སྲུང་གི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་བཏང་བ།ཁུལ་དང་རྫོང་གི་གཉེན་ཉེ་སྒྲིག་པའི་རུ་ཁག་དང་མཉམ་འཛུགས་མཉམ་སྐྲུན་ལས་སྒྲུབ་ཚོ་ཆུང་།གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་སྒྲུབ་རུ་ཁག་བཅས་སྒྲིག་འཛུགས་བྱས་ཏེ་ཁག་བགོས་ནས་གཉེན་ཉེ་སྒྲིག་པའི་ཤང་དང་གྲོང་ཚོ།དུད་ཚང་བཅས་སུ་བསྡད་ནས་རིགས་སྣ་ཚོགས་ཀྱི་འགལ་བ་དང་རྩོད་གླེང་མེད་པ་བཟོ་བ་དང་མང་ཚོགས་ཀྱི་ཞུ་གཏུག་དང་རེ་བ།དཀའ་སྡུག་བཅས་བསྡུ་ལེན་དང་ཐག་གཅོད་བྱེད་བཅུག་པ།འབུ་རྐོ་ས་རུ་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་ནས་དུས་ཐོག་ཏུ་འབུ་རྐོ་ས་སོ་སོར་བྱུང་བའི་ཐོན་ཁུངས་སྐོར་གྱི་རྩོད་གཞིའི་མངོན་མེད་རྐྱེན་ངན་སེལ་བ་དང་བརྟག་དཔྱད་ཐག་གཅོད་བྱས་ནས་བརྟན་བརླིང་དང་འཆམ་མཐུན་མེད་པའི་རྒྱུ་རྐྱེན་ཚང་མ་གཞི་རིམ་དང་གནས་ཚུལ་བུད་སར་མེད་པ་བཟོ་བ།འབུ་རྐོ་བའི་དུས་སུ་ཁྲིམས་འགལ་ཉེས་བསགས་དང་མི་མང་ཅན་གྱི་དོན་རྐྱེན་ཡོང་བར་ནན་འགོག་བྱེད་པ།ཁུལ་དང་རྫོང་གི་ཁྲིམས་འཛིན་སྡེ་ཁག་དང་ཤང་ཏང་ཨུ་དང་སྲིད་གཞུང་།མང་ཚོགས་ལས་སྒྲུབ་རུ་ཁགགཉེན་ཉེ་སྒྲིག་སའི་ཏང་ཀྲི་པུའུ།ཤང་དང་གྲོང་ཚོ་ཏང་ཡོན་ལས་བྱེད་པ་བཅས་ལ་བརྟེན་ནས་ཕྱོགས་ཡོངས་ཀྱི་ཆ་འཕྲིན་བསྡུ་ལེན་དང་ལན་རྒྱག་གི་ཐབས་ལམ་སྤྱད་དེ་དུས་ཐོག་ཏུ་རིགས་སྣ་ཚོགས་ཀྱི་གནས་ཚུལ་དང་ཆ་འཕྲིན་ཁོང་དུ་ཆུད་པ་དང་།ཐོན་ཁུངས་གཏོགས་དབང་དང་རྩྭ་རིའི་ས་མཚམས་ཆུ་མཚམས་སོགས་མང་ཚོགས་ཀྱིས་ཞུ་རྒྱུ་མང་བའི་གནས་ཚུལ་དང་གནད་དོན་དུས་ཐོག་ཏུ་བརྟག་དཔྱད་ཐག་གཅོད་བྱས་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་འབུ་རྐོ་བར་ཁག་ཐེག་བྱས་པ་རེད།
  • ལེ་ཚན་སྔོན་མ།:ཞིང་ལས་དངུལ་ཁང་འདབ་པ་རྫོང་ཡན་ལག་དངུལ་ཁང་གིས“ཞིང་གསུམ”ལ་ཞབས་ཞུ་ཤུགས་ཆེན་བྱས།
  • ལེ་ཚན་རྗེས་མ།:རྒྱ་བོད་ཤན་སྦྱར་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་དུས་དེབ་བོད་ཁུལ་གྱི་བྱིས་པར་བསྐྱལ།
  • དོ་སྣང་ཆེ་བའི་རྩོམ།