འདབ་པ་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་དང་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ།

ལྷ་འཛོམས་ཀྱིས།        2014-05-20

འདབ་པ་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་དང་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་དང་ཏན་ཏིག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་ཆེད་དུ།འདབ་པ་རྫོང་གིས་སྒྲིག་ཡིག་ལྟར་སྐྱོན་འཚོལ་ཞིང་དྲང་ལམ་དུ་སྐྱོད་པ་དང་།སྐྱོན་དག་སེལ།ནོར་འཁྲུལ་ཡོ་བསྲང་བྱ་རྒྱུ་སྤྱིའི་བླང་བྱ་ལྟར་མི་དམངས་ལ་དོན་དངོས་སྒྲུབ་པ་དང་སྤྱོད་གཙང་གིས་བརྗོད་བྱ་གཙོ་བོ་བྱས་པའི་སྤྱོད་ངན་བཞིའི་གནད་དོན་ཐག་གཅོད་བྱ་རྒྱུའི་དམིགས་ཡུལ་བྱས་ནས་བསམ་བློ་གཅིག་གྱུར་དང་གཙོ་གནད་མངོན་གསལ།ལྟ་སྐུལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་གཞི་དང་བྱེད་ཐབས།སྒྲིག་ལམ་ནན་པོས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་རེད།

    རྫོང་ཡོངས་ཀྱི་ཤང(གྲོང་རྡལ)14དང་སྡེ་ཁག47ཚང་མར་སྐུལ་སློང་གྲོས་ཚོགས་འཚོགས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་བ་རེད།སྔར་ལྷག་གིས་ཏང་ཡོན་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་བསམ་བློ་ངོས་འཛིན་མཐོར་འདེགས་གཏོང་བ།རྫོང་ཡོངས་སུ་གཅིག་བསྡུས་ཀྱིས་སློབ་སྦྱོང་ཐེངས་མ572བྱས་ཏེ་མིའི་ཐེངས་གྲངས16000ལྷག་ཙམ་སློབ་སྦྱོང་མང་ཞུགས་ཡོད་པ་རེད།
    འགོ་ཁྲིད་ཀྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སློབ་སྦྱོང་བྱེད་བཞིན་ཞིབ་བཤེར་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོང་སྡེ་དང་དགོན་པ།ཁ་གཏད་རོགས་སྐྱོར་ཏང་ཀྲི་པུའུ་ལ་ཕྱིན་ནས་འགོ་ཁྲིད་ཚན་ཁག་དང་ཏང་ཡོན་ལས་བྱེད་པའི་སྤྱོད་ངན་བཞིའི་གནད་དོན་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་རེད།རྫོང་ཡོངས་ཀྱི་གཞུང་དོན་ལས་སྒྲུབ་པ2037གིས་སྔོན་རྗེས་སུ་ཞིང་འབྲོག་མང་ཚོགས་མིའི་ཐེངས་གྲངས་ཁྲི1ལྷག་ཙམ་གྱི་བསམ་འཆར་བསྡུ་ལེན་བྱས་ནས་མང་ཚོགས་ཀྱི་བསམ་འཆར་སྣ་ཁ367བསྡུ་ལེན་ཡོད་པ་དང་རྫོང་རིམ་པ་ཡན་ཆད་ཀྱི་ལས་བྱེད་པ་དང་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་གིས་བསམ་ཚུལ་སྤེལ་རེས་བྱེད་ཐེངས2840བྱས་ནས་མང་ཚོགས་ཀྱི་བསམ་འཆར་290བསྡུ་ལེན་བྱེད་པ་དང་གནད་དོན་75རྙེད་པ་རེད།

  • ལེ་ཚན་སྔོན་མ།: ཕྱག་ཕྲེང་རྫོང་གིས་ལས་བྱེད་པ་དང་མང་ཚོགས་བར་སེམས་མཐུན་གྱི་ཟམ་པ་བཙུགས།
  • ལེ་ཚན་རྗེས་མ།:ལིའུ་ཡུས་ཧྲུན་གྱིས་རང་ཁུལ་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོར་ལྟ་སྐུལ་ཁྲིད་སྟོན་གནང
  • དོ་སྣང་ཆེ་བའི་རྩོམ།