གློག་གི་དྲོད་གདན་བེད་སྤྱོད་བྱེད་སྐབས་པགས་པའི་གཉན་ཚད་ཕོག་རྒྱུ་སྔོན་འགོག་བྱེད་དགོས།

        2010-12-16

གློག་གི་དྲོད་གདན་ལ་དྲོ་བ་དང་།བདེ་པོ།གཙང་བ།སྟབས་བདེ་སོགས་ཀྱི་ལེགས་ཆ་ཡོད་པ་མ་ཟད།གྲུམ་བུའི་ནད་དང་།རྐེད་པ་དང་རྐང་ཀ་ན་བ་སོགས་ཀྱི་ནད་བཅོས་པའི་ནུས་པ་ཡོད།འོན་ཀྱང་སྤྱོད་རྒྱུ་འཚམས་པོ་མ་བྱུང་ན་པགས་པའི་གཉན་ཚད་འཕོག་གི་རེད། གློག་གི་དྲོད་གདན་ལས་ཕོག་པའི་པགས་པའི་གཉན་ཚད་ནི་གཙོ་བོ་གློག་གི་དྲོད་གནས་ཡུན་རིང་སྤྱོད་པ་ལས་བྱུང་བ་ཞིག་རེད།མིའི་གཟུགས་པོར་བསྟུད་མར་དྲོད་སླེབས་རྗེས་པགས་པའི་ཐོག་གི་བཞའ་ཚན་རྒྱུན་ཆད་མེད་པར་རླངས་པར་གྱུར་ནས་སྐམ་པོ་ཆགས་སྐབས་ཚ་དྲོད་ཀྱིས་རྐྱེན་པས་མིའི་པགས་པར་ཚོར་ལྷག་ལོག་སྟེ་ཟ་འཕྲུག་ལངས་པ་དང་ཐོར་པ་ཆེ་ཆུང་མང་པོ་ཐོན་གྱི་ཡོད་པ་རེད།ནད་རྟགས་དེ་ཚོ་མང་ཆེ་བ་ནི་སྔོན་ལ་སྒལ་པ་ནས་འགོ་ཚུགས་ཏེ་རིམ་བཞིན་ལུས་ཡོངས་ལ་ཁྱབ་པ་དང་ནད་འཕོགས་མཁན་ལ་ཟ་འཕྲུག་ལངས་ནས་བཟོད་དཀའ་བ་མ་ཟད་ཐ་ན་འཕུར་བས་པགས་པ་བརྡོལ་ཏེ་རྣག་རྒྱག་གི་རེད། གློག་གི་དྲོད་གདན་གྱི་པགས་པའི་གཉན་ཚད་སྔོན་འགོག་བྱེད་པར་གཙོ་བོ་གཤམ་གསལ་གྱི་དོན་ལ་མེད་གཟབ་བྱེད་དགོས་པ་སྟེ།གཅིག་ནི་གློག་གི་དྲོད་གདན་བེད་སྤྱོད་བྱེད་སྐབས་མིའི་གཟུགས་པོ་དང་ཤད་ཀར་ཐུག་རྒྱུ་མེད་པ་དང་གློག་གི་དྲོད་གདན་ཐོག་ཀམ་པ་ལིའམ་ཡང་ན་རས་ཀྱི་ཁ་གདན་ཞིག་འདིངས་དགོས་པ་དང་གཉིས་ནི་གློག་གཏོང་བའི་དུས་ཚོད་རིང་དྲགས་རྒྱུ་མེད་པ་དང་སྤྱིར་བཏང་བྱས་ན་ཉལ་ཁར་གློག་བཏང་ནས་ཚ་པོ་བཟོ་བ་དང་གཉིད་ཁུག་སྐབས་གློག་གསོད་དགོས།ལྷག་པར་དུ་ཕྲུ་གུ་དམར་འབྱར་དང་བྱིས་པར་དེ་བས་ཡིད་གཟབ་བྱེད་དགོས།གསུམ་ནི་གློག་གི་དྲོད་གདན་བེད་སྤྱོད་གཏོང་མཁན་གྱིས་ཆུ་འཐུང་རྒྱུ་འོས་འཚམས་ཤིག་མང་དུ་བཏང་ནས་གཟུགས་པོའི་ནང་གི་ཆུ་ཁ་གསབ་བྱེད་དགོས་པ།བཞི་ནི་འཕྲོད་པོ་མེད་མཁན་གྱིས་གློག་གི་དྲོད་གདན་བེད་སྤྱོད་བྱས་ན་འཚམས་པོ་མེད་པ་བཅས་རེད།
  • ལེ་ཚན་སྔོན་མ།:གྲངས་ཉུང་མི་རིགས་ཀྱི་ཨང་དང་པོའི་གྲས།
  • ལེ་ཚན་རྗེས་མ།:ཆར་དུས་སུ་ཞིང་ལས་འཕྲུལ་ཆས་བདག་གཉེར་བྱེད་ཐབས་སྐོར།
  • དོ་སྣང་ཆེ་བའི་རྩོམ།