ཆར་དུས་སུ་ཞིང་ལས་འཕྲུལ་ཆས་བདག་གཉེར་བྱེད་ཐབས་སྐོར།

        2010-12-16

དེང་སྐབས་ཆར་ཞོད་ཚུགས་པའི་དུས་སྐབས་ཡིན་པར་བརྟེན་ཞིང་ལས་འཕྲུལ་ཆས་སྐྱོན་མེད་རྒྱུན་སྲུང་ཡོང་ཆེད་གཤམ་གསལ་བདག་གཉེར་བྱེད་ཐབས་འགའ་ཤས་ལག་ལེན་བསྟར་ཏེ་ཞིང་ལས་འཕྲུལ་ཆས་ཀྱི་ལག་རྩལ་གནས་ཚུལ་ཁོང་དུ་རྒྱུད་ཐུབ་པ་ཡོང་ཆེད་འཕྲུལ་ཆས་བཟོ་བཅོས་བྱེད་དགོས་རིགས་དུས་ཚོད་དམ་འཛིན་གྱིས་བཟོས་ཏེ་སྐྱོན་ཆགས་མེད་པ་བྱེད་དགོས།གནས་སྐབས་བེད་སྤྱོད་མི་བྱེད་པའི་སྐྱོན་མེད་འཕྲུལ་ཆས་རྣམས་ལ་བདག་གཉེར་ཡག་པོ་བྱེད་དགོས་པ་སྟེ།
༡ལྕགས་རིགས་བཙའ་རྒྱག་རྒྱུར་སྔོན་འགོག་བྱེད་དགོས།ཞིང་ལས་འཕྲུལ་ཆས་བེད་སྤྱོད་མི་བྱེད་པ་རྣམས་ཁང་པའི་ནང་དུ་བཞག་ནས་བདག་གཉེར་བྱེད་དགོས་པ་མ་ཟད།བཙའ་མི་རྒྱག་པའི་ཆེད་དུ་འཕྲུལ་ཆས་ཀྱི་ལྷུ་ལག་གཙོ་བོར་སྣུམ་བླུགས་པ་དང་།ཧྲེ་ལའ་སྣུམ་བྱུགས་ནས་དེར་ཤོག་བུ་མཐུག་པོ་སྦྱར་ཏེ་སྣུམ་གྱི་ནུས་པ་རྒྱུན་རིང་ཙམ་ཐོན་པ་བྱེད་དགོས།
འཕྲུལ་ཆས་ཆེན་པོ་འགའ་ཤས་ཁང་པའི་ནང་དུ་བཅུག་མ་ཐུབ་ཀྱང་ཆར་སྐྱོན་མི་ཡོང་བའི་གཡབ་འོག་འཇོག་པའམ་ཁེབས་གཡོགས་ནས་ཆར་ཆུ་མི་ཕོག་པ་བྱེད་དགོས་པའི་ཐོག་ལྷུ་ལག་གཙོ་བོར་བཙའ་མི་རྒྱག་པའི་སྨན་རྫས་བྱུགས་དགོས།༢འགྱིག་གི་འཁོར་ལོ་སོགས་རྙིང་པ་ཆགས་རྒྱུར་སྔོན་འགོག་གིས་ཁང་པའི་ནང་དུ་བཞག་དགོས་ལ་བརླན་སྐྱོན་མི་ཡོང་བ་དང་།མཁའ་རླུང་འགྲོ་རྒྱུགས་ཡོད་པ།ཉི་མས་མི་བསྲེགས་པ་བཅས་བྱེད་དགོས།འཁོར་ལོའི་རིགས་ལ་ཆུ་ཁེབས་གཡོགས་དགོས་པ་མ་ཟད་འགྱིག་འཁོར་ས་ལ་མ་རེག་པར་ཤིང་གིས་བཏེགས་ནས་བཞག་དགོས།
༣འཕྲུལ་ཆས་སྟེང་གི་ཤིང་རྒྱུའི་ལྷུ་ལག་རྣམས་རུལ་འགྱུར་དང་བཟོ་ལྟ་མི་འགྱུར་བ་བྱེད་དགོས།ཤིང་རྒྱུའི་རིགས་ཆར་པས་རློན་པ་མི་ཆགས་པ་དང་ཉི་མས་མ་བསྲེགས་པ་བྱེད་དགོས་པ་ཕུད།ད་དུང་རླུང་དགོས་ལ་གནོན་ཤུགས་ཆེན་པོ་མེད་པ་བྱེད་དགོས།
༤འཕྲུལ་ཆས་ནང་གི་ཆུ་རྣམས་གཙང་མ་བཏོན་དགོས་པ་དང་ལྷུ་ལག་ཁག་དུས་ཚོད་ངེས་གཏན་ཐོག་གཙང་མ་ཕྱིས་དགོས།
༥ལྕགས་ཐག་འཁོར་ལོའི་འདྲུད་འཐེན་འཁོར་ལོར་གོང་གསལ་ལྟར་ཆར་སྐྱོན་སྔོན་འགོག་བྱེད་དགོས་པ་ཕུད།ད་དུང་ལྕགས་ཐག་བཀྲོལ་ནས་འོག་ཏུ་པང་ལེབ་བཞག་དགོས།
  • ལེ་ཚན་སྔོན་མ།:གློག་གི་དྲོད་གདན་བེད་སྤྱོད་བྱེད་སྐབས་པགས་པའི་གཉན་ཚད་ཕོག་རྒྱུ་སྔོན་འགོག་བྱེད་དགོས།
  • ལེ་ཚན་རྗེས་མ།:ཆུ་ཚ་པོས་ལག་པ་བཀྲུས་ན་མགོ་ན་བར་ཕན་པ།
  • དོ་སྣང་ཆེ་བའི་རྩོམ།