བོད་ཡུལ་རྩྭ་ཐང་གི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ།(1)

    མཚོ་སྔོན་པོ་དྲ་བ།    2013-12-20

[ནང་དོན་གནད་བསྡུས]དཔྱད་རྩོམ་འདིར་བོད་མདོ་དབུས་མཐོ་སྒང་གི་འཁྱག་ཁུལ་རྩྭ་ས་དང་རྩྭ་སའི་རིགས ། རྩྭ་སའི་ཁོར་ཡུག་དང་དེ་ལ་བརྟེན་པའི་སྐྱེ་དངོས་སྣ་ཚོགས །  རྩྭ་ཐང་གི་ས་བཅུད་ཤོར་བ་དང་ས་ནག་བྱེ་ཐང་དུ་འགྲོ་རྐྱེན ། དེ་ལ་སྲུང་སྐྱོབ་ཇི་ལྟར་བྱ་དགོས་ཚུལ ། རང་ཅག་བོད་མི་རིགས་ཀྱིས་བརླན་སའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཚུལ་གྱི་བསམ་བློ་དང་གོམས་སྲོལ་ཡག་པོ་གང་འདྲ་ཡོད་པ་སོགས་རགས་ཙམ་བྲིས་ཡོད །
  [གནད་འགག་མིང་བརྡ]བོད་མདོ་དབུས་མཐོ་སྒང་།   རྩྭ་ཐང་།   ཁོར་ཡུག་སྲུང་སྐྱོབ །
 

  སའི་གོ་ལའི་ངོས་སུ་སྔོ་ལྗང་གི་རྩི་ཏོག་གིས་ཁེབས་པའི་ཞིང་ཁམས་དེ་ནི་རྩྭ་ཐང་གི་ཁོར་ཡུག་ཡིན་པ་དང་། རྩྭ་ཐང་གིས་ཧ་ལམ་སའི་གོ་ལའི་སྐམ་སའི་རྒྱ་ཁྱོན་གྱི་ལྔ་ཆའི་གཅིག་ཙམ་བཟུང་ཡོད ། རྩྭ་ཐང་དུ་སྔོ་རྩྭ་ལས་གཞན་ད་དུང་རི་སྐྱེས་མེ་ཏོག་དང་རྩི་ཤིང་མང་པོ་སྐྱེས་ཡོད  །  རྩྭ་ཐང་ལས་སྐྱེས་པའི་རྩི་ཤིང་མང་ཆེ་བ་ནི་ལོ་མང་སྐྱེ་བའི་རྩྭ་རིགས་རྩི་ཤིང་ཡིན་པ་དང་ །    དེ་དག་གི་རྩི་རྐང་ཐུང་བས་སྐྱེས་གཟུགས་མཐོན་པོ་ཅན་གྱི་རྩི་ཤིང་ཧ་ཅང་ཉུང་བ་ཡིན །
  གཤམ་གྱི་རེའུ་མིག་འདི་ནི1989ལོར་འཛམ་གླིང་གླིང་ཆེན་སོ་སོའི་རྩྭ་ས་དང་ཞིང་སའི་ཆེ་ཆུང་ལ་བརྟག་དཔྱད་བྱས་པའི་དཔྱད་གཞིའི་སྡུར་ཚད་ཞིག་ཡིན།     (འཇལ་བྱེད་ནི་ཁྲི་གནས་སྤྱི་ཆིན་ཡིན།)

བོད་ཡུལ་རྩྭ་ཐང་གི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ།
 

  

  • ལེ་ཚན་སྔོན་མ།:དབྱར་རྩྭ་དགུན་འབུ་དང་ཁོར་ཡུག་སྲུང་སྐྱོབ།
  • ལེ་ཚན་རྗེས་མ།:བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་ལས་ཁོར་ཡུག་སྲུང་སྐྱོབ་གླེང་བ་མེས་པོའི་ཞལ་ལུང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10