འཛམ་གླིང་གི་ནགས་ཚལ་ཉིན་མོའི་འབྱུང་རྐྱེན།

        2018-03-21

འཛམ་གླིང་གི་ནགས་ཚལ་ཉིན་མོའི་འབྱུང་རྐྱེན།

      དེ་རིང་ནི་ཟླ་བ3པའི་ཚེས21ཉིན་ཏེ་འཛམ་གླིང་གི་ནགས་ཚལ་ཉིན་མོ་ཡིན། འཛམ་གླིང་གི་ནགས་ཚལ་ཉིན་མོ་ལ་འཛམ་གླིང་གི་ནགས་ལས་དུས་ཆེན་ཡང་ཟེར། དྲན་རྟེན་འདི་ནི1971ལོར་སི་ཕེན་གྱིས་ཡོ་རོབ་གླིང་གི་ཞིང་ལས་མནའ་འབྲེལ་གྱི་ཐེ་ལའེ་ནི་ཧྥེ་གླིང་ཕྲན་ཚོགས་ཆེན་ཐོག་གྲོས་འགོ་བཏོན་པར་མ་ཟད་གྲོས་འཆམ་བྱུང་བ་རེད། ལོ་དེའི་ཟླ་བ11པར། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས( FAO ) དངོས་སུ་གཏན་འཁེལ་བྱས། 1972ལོའི་ཟླ་བ3པའི་ཚེས21ཉིན་ཐེངས་དང་པོ་འཛམ་གླིང་གི་ནགས་ཚལ་ཉིན་མོར་བརྩིས་པ་རེད། ནགས་ཚལ་གྱིས་ང་ཚོའི་འཚོ་བར་མཛེས་བཟོ་བྱེད་པ་དང་ང་ཚོའི་འཚོ་གནས་ཀྱི་ཁོར་ཡུག་ཇེ་ཡག་ཏུ་བསྒྱུར། ནགས་ཚལ་གྱིས་བྱེ་རླུང་འགོག་ཅིང་གནོད་འཚེར་སྲུང་སྐྱོབ་བྱས། ཡིན་ནའང་། མིའི་རིགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སྔ་མོའི་དུས་ཀྱི་ཞིང་ལས་རྨོ་འདེབས་ནས་ཉེ་རབས་དང་དེང་རབས་ཀྱི་ཤིང་ཆ་དང་ནགས་ལས་ཐོན་རྫས་ཀྱི་ཟད་གྲོན་མང་དུ་འཕེལ་ནས་གོ་ལ་ཧྲིལ་པོའི་ནགས་ཚལ་གྱི་རྒྱ་ཁྱོན་ཉུང་དུ་བཏང་ཞིང་། ནགས་ཚལ་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ཞན་དུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་གྱུར། དེར་བརྟེན་འཛམ་གླིང་གི་ནགས་ཚལ་ཉིན་མོ་བྱུང་བ་དེས་མི་རྣམས་ཀྱིས་ནགས་ཚལ་ལ་སྲུང་སྐྱོང་བྱེད་དགོས་པའི་གནད་དོན་སོགས་ལ་དྲན་སྐུལ་གནང་བ་མཚོན་པ་རེད།


  • ལེ་ཚན་སྔོན་མ།:ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།