བོད་ལྗོངས་ཀྱིས་དབུལ་སྐྱོར་རོགས་དངུལ་གཏོང་ནུས་ཤུགས་ཆེར་བཏང་ནས་མང་ཚོགས་ཀྱི་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས།

    བོད་ལྗོངས་ཉིན་རེའི་ཚགས་པར།    2013-08-23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཞི་བས་བཅངས་གྲོལ་བཏང་ནས་ལོ་ངོ60ལྷག་གི་རིང་དུ། སྤྱི་ཚོགས་དཔལ་འབྱོར་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད། དེའི་ཁྲོད་དུ་དབུལ་སྐྱོར་མ་ལག་གིས་ཕྱིས་རྗེས་ནུས་ལྡན་བཞག་ཡོད་པས། སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་དུ་གྱུར་ཡོད་པ་རེད། དབུལ་སྐྱོར་ཚད་གཞི་ཇེ་མཐོར་དང་། མ་འཇོག་ནུས་ཤུགས་ཇེ་ཆེར་བཏང་བ་མ་ཟད། དམིགས་བསལ་དབུལ་འཕུང་ས་ཁུལ་གཙོར་བཟུང་ནས། ཡུལ་ཚོ་ཡོངས་ལ་སྐུལ་འདེད་དང་ཞིང་འབྲོག་མང་ཚོགས་བཅའ་སྡོད། ཐོན་ལས་དབུལ་སྐྱོར། གོང་ཕྱོགས་དབུལ་སྐྱོར། དབུལ་སྐྱོར་བྱ་ཡུལ་གྱི་བཟའ་བཏུང་ཐག་གཅོད་བྱེད་པ་དང་། མགྱོགས་མྱུར་དུ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ནས། མང་ཚོགས་དེ་ལས་མང་པོར་མིག་མཐུང་ལག་ཟིན་གྱི་དོན་དངོས་བསྒྲུབས་ནས། བྱ་ཐབས་མང་པོ་དོན་འཁྱོར་ཡོང་བ་བྱས་ནས། དབུལ་སྐྱོར་འཐབ་འཁྲུག་གསར་བ་སྤེལ་བས། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད། དབུལ་སྐྱོར་མ་དངུལ་དོན་འཁྱོར་དང་། དབུལ་སྐྱོར་རྣམ་གྲངས་འཕེལ་རྒྱས། དབུལ་སྐྱོར་ལས་རིགས་གསར་འབྱེད། ཁྱིམ་ཚང་དབུལ་སྐྱོར་གྱི་རོགས་སྐྱོར། སྲིད་ཇུས་དང་མ་དངུལ་ཁག་སོ་སོ་ལག་བསྟར་དོན་འཁྱོར་སོགས་ཚང་མར། ཏང་ཨུའམ་སྲིད་གཞུང་གིས་ཤུགས་ཆེན་པོས་དམངས་འཚོ་ལེགས་བསྒྱུར་གྱི་ཆོད་སེམས་དང་ཡིད་ཆེས་མ་འདུས་པ་མེད་ལ། འབྲེལ་ཡོད་སྡེ་ཁག་སོ་སོའི་དམངས་སྒྲུབ་ཀྱི་གཏན་ཚིགས་མ་འདུས་པའང་མེད། དེའི་རྒྱབ་ལོགས་སུ་མི་རིགས་ཁག་སོ་སོའི་མང་ཚོགས་ཁྲི ༣༠༠ རེ་སྒུག་འདུས་ཡོད་ལ། དབུལ་འཕུང་མང་ཚོགས་ཀྱི་རེ་བའང་འདུས་ཡོད་པ་རེད།  ། 

  • ལེ་ཚན་སྔོན་མ།:ཀན་ལྷོའི་དངོས་བཤུས་གློག་བརྙན༼རྫོགས་ལྡན་གྱི་ཀན་ལྷོ༽ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་གཏོང་འགོ་ཚུགས།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་ཏ་ཐུང་རྫོང་ལ་དྲག་ཆར་ཆེན་པོ་བབས་ནས་ཆུ་ལོག་གིས་གནོད་འཚེ་ཐེབས།
  • དོ་སྣང་ཆེ་བའི་རྩོམ།