ད་ལོའི་ལོ་སྨད་ལ་རང་ཁུལ་གྱིས་བྱེད་ཐབས་དྲུག་བླངས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏང་རྒྱུ།

སྒྲོལ་མ་ཚེ་མཚོས་བསྒྱུར།        2013-08-20

གསར་འགོད་པས་ཁུལ་ཚོང་དོན་མཉམ་ལས་ཅུས་ནས་ཤེས་རྟོགས་བྱུང་བར།ད་ལོའི་ལོ་སྨད་ལ་རང་ཁུལ་གྱིས་བྱེད་ཐབས་ཆེན་པོ་དྲུག་བླངས་ནས་འཛད་སྤྱོད་པར་སྐུལ་འདེད་གཏང་རྒྱུ།
    ཤུགས་ཆེན་པོས་དམངས་ཕན་དང་ཚོང་བྲིན་པར་སྐུལ་འདེད་གཏང་རྒྱུ།ཁུལ་ཚོང་དོན་མཉམ་ལས་ཅུས་ཀྱིས་ཁྲིད་སྟོན་བྱེད་པ་དང་།རྫོང་སོ་སོའི་སྲིད་གཞུང་གིས་འགན་ཁུར་རྒྱུ་སྣེ་ཁྲིད་བྱེད་པ།རྫོང་རིམ་པའི་ཚོང་དོན་སྒྲུབ་གཉེར་བྱེད་མཁན་སྡེ་ཁག་དང་ཁེ་ལས་ཀྱིས་དོན་འཁྱོལ་བྱ་རྒྱུ།ཧུར་ཐག་གིས་སྟེགས་བུ་འཛུགས་པ།ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་དམངས་ཕན་དང་ཚོང་བྲིན་ཐབས་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཟླ་བའི་བྱེད་སྒོ་སྤེལ་རྒྱུ་རེད།གཙོ་གནད་ཉོ་ཚོང་འཁོར་རྒྱུག་ཁེ་ལས་སུ་གྲོང་ཚོ་ཁྲི་དང་ཤང་སྟོང་ཕྲག་གི་ཚོང་རའི་ལས་གྲྭ་གཙོ་གཉེར་ཁེ་ལས་དང་ཚོང་རྫས་ཉོ་ཚོང་ཚོང་ར།རང་འདེམས་ཚོང་ར།མགྲོན་ཁང་།བཟའ་བཏུང་ལས་རིགས།གདོང་སྐྲ་མཛེས་བཟོདང་སྐྲ་བཞར།གོས་འཁྲུས།ཁྱིམ་ལས་ཞབས་ཞུ།སྨན་བཅོས་ཞབས་ཞུ།རྒན་གསོ་ཞབས་ཞུ།སློབ་གསོ་གསོ་སྦྱོང་སྦྱོང་རྡར།ལུས་རྩལ་བདེ་ཐང་སོགས་ཀྱི་འཛད་སྤྱོད་དང་ཞབས་ཞུ་ཁྱབ་ཁོངས་ཀྱིས་ཚོང་རྫས་གོང་ཁེ་མོ་བྱེད་པ་དང་གོང་བཅག་ནས་ཚོང་བྲིན་ཐབས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།སྤུས་དག་ཞབས་འདེགས་ཞུས་ནས་གྲོང་ཁྱེར་བརྒྱ་ཡི་ཚོང་ཁང་ཁྲི་ལ་ཚོང་ཟོང་རྫུན་མ་མེད་པའི་བྱེད་སྒོ་སྤེལ་རྒྱུ་རེད།
    གཅིག་ནི་དུས་ཆེན་དང་གུང་གསེང་གཏོང་བའི་སྐབས་སུ་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་བྱེད་པ།གཉིས་ནི་ཚོང་འགྲུལ་མཉམ་འབྲེལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏང་རྒྱུ།གསུམ་ནི་གྲངས་ཀ་ཚོད་འཛིན་གྱི་ཚད་ལས་བརྒལ་བའི་ཁེ་ལས་ཡན་ཆད་ལ་ཁྱོན་ཡོངས་ནས་གཙང་བཤེར་བྱེད་པ།བཞི་ནི་ཚོང་རའི་མ་ལག་འཛུགས་སྐྲུན་བྱ་རྒྱུར་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏང་རྒྱུ།ལྔ་ནི་འཛད་སྤྱོད་ཁོར་ཡུག་སྐྲུན་གང་ཐུབ་བྱ་རྒྱུ་བཅས་རེད།
  • ལེ་ཚན་སྔོན་མ།: ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར5བཏང་སྟེ་ཞིང་ཆེན8ཀྱིས་ཞིང་ལས་ལག་རྩལ་ཁྱབ་གདལ་དང་ཞབས་འདེག
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཀན་སུའུ་མེན་རྫོང་དང་ཀྲང་རྫོང་གཉིས་ཀྱི་ས་འགུལ་གནོད་ཐེབས་ས་ཁུལ་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།