འགན་འཁྲི་ཤེས་ཤིང་ལས་འགན་ཁུར་ནས་དཀར་མཛེས་ཁུལ་གྱི་སྙིང་སྟོབས་ལ་བརྟེན་ཏེ་མང་ཚོགས་ལས་ཀའི་སྒུལ་ཤུགས་ཆེན་པོ་བསྐྲུན་དགོས།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2013-08-12

  མང་ཚོགས་ལས་ཀའི་ལས་འགན་ནི་རི་བོ་ལས་ལྗིད་ལ།མང་ཚོགས་ལས་ཀ་ནི་ཨ་སྔོན་ལས་ཡངས་པས་མང་ཚོགས་ལས་ཀར་ནུས་པ་འདོན་ས་མང་པོ་ཡོད་པ་རེད།མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་རྒྱང་སྐྱོད་ལམ་བུའི་ཁྲོད་དུ་ཤུགས་ཆེན་པོས“ལྷག་བསམ་རྒྱལ་གཅེས།སྤྲོ་སྣང་ཁེངས་ནས་རོགས་རེས།དོན་དངོས་བསྒྲུབས་ནས་གསར་སྐྲུན།སྲ་བརྟན་གྱིས་མདུན་སྐྱོད་བྱེད་པའི”དཀར་མཛེས་ཁུལ་གྱི་སྙིང་སྟོབས་མངོན་པ་བྱས་མཐར།དཀར་མཛེས་ཁུལ་གྱི་སྙིང་སྟོབས་ལ་བརྟེན་ནས་མང་ཚོགས་ལས་ཀའི་སྒུལ་ཤུགས་ཆེན་པོ་བསྐྲུན་དགོས།
    ——ལྷག་བསམ་རྒྱལ་གཅེས། ལྷག་བསམ་ནི་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དད་པ་དང་།འགན་འཁྲི།བསམ་ཚུལ་ནན་སྲུང་བྱེད་བྱེད་དགོས་པ་རེད།རྒྱལ་གཅེས་ནི་མེས་རྒྱལ་ལ་ལྷག་བསམ་ཟོལ་མེད་བྱས་ནས་ཐོན་པའི་ཆེས་བག་ཆགས་ལ་ཆེས་ཟོལ་མེད་ཀྱི་བརྩེ་དུང་རེད།ང་ཚོས་དད་པའི་སེམས་པ་བཅངས་ནས་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱོན་ཡོངས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དོན་འཁྱོལ་བྱས་ནས་ཏང་ལ་ལྷག་བསམ་ཟོལ་མེད་འདི་གསལ་བཤད་བྱེད་དགོས།དུས་རྒྱུན་དུ་མི་དམངས་ཀྱི་བཀའ་དྲིན་དྲན་ནས་མི་དམངས་ཕ་མ་ལྟར་བརྩིས་ནས་མི་དམངས་ལ་འགན་འཁུར་བ་དང་།དོན་བཟང་བསྒྲུབས་ཏེ་ཕན་འབྲས་བཟང་པོ་ཐོབ་གང་ཐུབ་བྱེད་པར་བརྟེན།མང་ཚོགས་ལས་ཀའི་གསོན་ཉམས་ལྡན་པའི་ལག་ལེན་ཐོག་ནས་མི་དམངས་ལ་བཅངས་པའི་ལྷག་བསམ་མཚོན་པ་བྱེད་དགོས།དུས་རྒྱུན་དུ་འོག་རིམ་གྱི་སྡུག་བསྔལ་དྲན་ནས་ལྷག་བསམ་ཟོལ་མེད་ཀྱིས་འོག་རིམ་ལ་ལྟ་སྟངས་ཡག་པོ་བྱས་ནས་སེམས་བསྒྲིམས་ཏེ་འོག་རིམ་ལ་ཞབས་ཕྱི་བསྒྲུབས་པ་དང་།རང་འགུལ་གྱིས་འོག་རིམ་གྱིས་ལྟ་སྐུལ་བྱེད་པར་དང་ལེན་བྱས་ཏེ་འཐབ་གྲོགས་དང་ཁོངས་གཏོགས་ནང་གི་རྩ་འཛུགས་དང་དོན་ལས་ལ་བསམ་པ་རྣམ་དག་འདི་མཚོན་པ་བྱེད་དགོས།དུས་རྒྱུན་དུ་རྒྱལ་ཁབ་ཀྱི་ལས་སྐལ་ལ་སེམས་ཁྲལ་བྱས་ནས་སེམས་ཐག་གཙང་བཅད་ཀྱིས་ཁ་བྲལ་ལ་ངོ་རྒོལ་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་ཏན་ཏིག་བྱས་ཏེ་མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་ལྷག་བསམ་ཟོལ་མེད།དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོར་བཅངས་པའི་བརྩེ་དུང་འདི་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་ནང་མི་ཚེ་སྦྱོང་བརྡར་དང་ཕུགས་བསམ་མཐོར་འདེགས།མི་དམངས་ལ་ཡོད་ཚད་འབུལ་བའི་བྱ་སྤྱོད་དངོས་ཀྱི་ཐོག་བསྒྱུར་ནས་ལྷག་བསམ་རྒྱལ་གཅེས་འདི་ཁུལ་ཡོངས་ཀྱི་མི་དམངས་ཚོའི་ཆབ་སྲིད་བརྩོན་ལེན་དུ་ཆགས་སུ་བཅུག་དགོས།
    ——སྤྲོ་སྣང་ཁེངས་ནས་རོགས་རེས།སྤྲོ་སྣང་ནི་མི་གཞན་དང་རང་ཉིད་ཚང་མར་དགའ་བའི་ཆེས་མཐོའི་བསམ་བློ་གཏོང་ཡུལ་རེད།ཕན་ཚུན་རོགས་རེས་ནི་མི་ལ་ཕན་ཐོགས་པའི་དྲིན་གཟོའི་དངོས་ཡོད་མཚོན་ཚུལ་ཞིག་རེད།དགེ་སྒྲུབ་བྱེད་སའི་མང་བཞིན་མང་ན་སྤྱི་ཚོགས་དེ་ཡང་དེ་བས་འཆམ་མཐུན་ཡོང་རྒྱུ་རེད། དྲིན་གཟོ་བྱེད་སའི་མི་མང་བཞིན་མང་ན་མི་ཚེ་ཡང་དེ་བས་བདེ་སྐྱིད་བྱུང་རྒྱུ་རེད།དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོ་ནི་དྭངས་གཙང་དྲི་མེད་ཡིན་ལ། དཀར་མཛེས་ཁུལ་གྱི་མི་དམངས་ནི་སྤྲོ་སྣང་ཁེངས་ཤིང་།མི་རིགས་སོ་སོའི་མི་དམངས་ཚོས་ཕན་ཚུན་རོགས་རམ་བྱེད་པའི་རྣམ་པ་ཆགས་སུ་བཅུག་དགོས།རྒྱ་ཆེའི་ལས་བྱེད་པ་ཚོས་སྤྲོ་སྣང་ཀྱི་སེམས་པ་བཅངས་ནས་མང་ཚོགས་ལ་ལྟ་སྟངས་འཛིན་པ་དང་།མང་ཚོགས་ཀྱི་དོན་ཆེན་དང་དཀའ་གནད་ལ་ཁ་ཕྱོགས་ཏེ་འགན་འཁྲི་འཁུར་བ་དང་ཕན་ཚུན་རོགས་རེས་བྱེད་དགོས།ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་རང་རྟོགས་བྱས་ནས་དངོས་གནས་ཀྱིས་མཐུན་སྒྲིལ་ལ་གཅེས་སྤྲས་དང་སྲུང་སྐྱོང་བྱས་ནས་རྡོག་རྩ་གཅིག་སྒྲིལ་ཡོང་བ་བྱེད་དགོས།ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་དྲིན་གཟོ་ཤེས་པ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན། མཛེས་སྡུག་ལྡན་པའི་འཚོ་བའི་བཀའ་དྲིན་དྲན་ནས་སྤྲོ་སྣང་གི་སེམས་པ་འཆང་བ་དང་དྲིན་གཟོའི་བྱ་སྤྱོད་སྤེལ་ནས་སྤྲོ་སྣང་ཁེངས་ཏེ་ཕན་ཚུལ་རོགས་རེས་བྱེད་རྒྱུ་འདི་ཁུལ་ཡོངས་ཀྱི་མི་དམངས་ཚོའི་རིན་ཐང་བརྩོན་ལེན་བྱེད་ཡུལ་དུ་འགྱུར་པ་བྱེད་དགོས།
    ——དོན་དངོས་བསྒྲུབས་ནས་གསར་སྐྲུན་བྱེད་དགོས།དོན་དངོས་བསྒྲུབས་ནས་གསར་སྐྲུན་བྱེད་རྒྱུ་ནི་དོ་དོ་དན་དན་དང་ཕུགས་བསམ་གཉིས་གཅིག་གྱུར་བྱེད་རྒྱུ་ཡིན་ལ།མིག་སྔའི་གནས་ཚུལ་ཁོང་དུ་ཆུད་པ་དང་འབྱུང་འགྱུར་གསར་སྐྲུན་བྱེད་རྒྱུ་གཉིས་ཟུང་འབྲེལ་བྱེད་རྒྱུའང་ཡིན་པ་རེད།ཁུལ་ཡོངས་ཀྱི་གནས་ཚུལ་ལ་ཁ་ཕྱོགས་ནས་ང་ཚོས་ཐབས་ཟད་དང་སྐྱོ་སྣང་བྱེད་མི་ཉན་ལ།ང་ཚོས་མིག་བཙུམ་ནས་མཁས་རློམ་སྟོང་བཤད་ནི་དེ་བས་ཀྱང་བྱེད་མི་ཉན།དངོས་ཐོག་བདེན་འཚོལ་བྱེད་དགོས་པ་ལས་མིང་སྟོང་རྫུན་བཟོ་དང་བྱས་རྗེས་རྫུན་མ་བྱེད་རྒྱུར་མི་དགའ་བ་བྱས་ནས་དངོས་སྒྲུབ་དཀའ་སྒྲུབ་བྱས་ཏེ་ཕན་འབྲས་དངོས་ཐོབ་པར་བརྩོན་ལེན་བྱེད་དགོས།གནས་བབ་དང་བསྟུན་ནས་བྱ་བ་གང་སྒྲུབ་ན་དོན་དངོས་ལ་གཞིགས་ནས་བསྒྲུབས་ཏེ་ལག་ལེན་ནང་དུ་ཁ་གཏད་འཇལ་ཐབས་ཞིབ་འཇུག་དང་བྱེད་ཐབས་མཐིལ་པོ་བླངས་པར་བརྟེན། ལག་ལེན་ནང་དུ་བྱས་རྗེས་གསར་པ་བསྐྲུན་ནས་ཉམས་མྱོང་འཚོལ་ཞིབ་བྱེད་དགོས།ལག་ལེན་བསྟར་ཤུགས་ཡོད་པ་བྱས་ཏེ་ལས་ཀའི་གཙོ་གནད་འདི་དོན་འཁྱོལ་བྱེད་རྒྱུའི་ཐོག་བཞག་ནས་གོམ་པ་སྤོས་ན་རྐང་རྗེས་ཡོད་པ་དང་ལྕགས་རྡུང་ན་ཐུ་རྗེས་ཡོད་པ་ལྟ་བུ་བྱེད་དགོས།གསར་སྐྲུན་ནི་རླབས་ཆེའི་གྲུབ་འབྲས་བཟོས་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད།རྗེས་སུ་ལུས་འདོད་མེད་པ་བྱས་ནས་གསར་སྐྲུན་བྱེད་ཕོད་པ།སྲོལ་རྙིང་དང་ད་ཡོད་གནས་ཚུལ་གཏོར་བརྒལ་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱས་ནས་དོན་དངོས་བསྒྲུབས་ནས་གསར་སྐྲུན་བྱེད་རྒྱུ་འདི་ཁུལ་ཡོངས་ཀྱི་མི་དམངས་ཚོའི་བསམ་པའི་བརྩོན་ལེན་དུ་འགྱུར་པ་བྱེད་དགོས།
    ——སྲ་བརྟན་གྱིས་མདུན་སྐྱོད་བྱེད་དགོས།སྲ་བརྟན་གྱིས་མདུན་སྐྱོད་བྱེད་པ་ནི་དཀའ་ངལ་དང་བར་ཆད་ལ་མི་སྐྲག་པ་དང་མགོ་མི་སྒུར་ནས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་དང་།འགལ་རྐྱེན་མཐའ་དག་མེད་པ་བཟོས་ནས་གཏན་འཁེལ་བྱས་པའི་དམིགས་ཡུལ་མངོན་འགྱུར་བྱེད་དགོས།དཀར་མཛེས་ཁུལ་གྱི་མི་དམངས་ཚོས་སྲ་བརྟན་གྱིས་མདུན་སྐྱོད་བྱེད་པའི་ཁྲོད་དུ་འོད་སྟོང་འབར་བའི་ཁམས་པའི་རིག་གནས་བསྐྲུན་ཡོད་པ་རེད།མུ་མཐུད་ནས་དཀར་མཛེས་ཁུལ་གྱི་ལོ་རྒྱུས་ཀྱི་ལེ་ཚན་གསར་པ་བྲིས་དགོས་ན།ཤུགས་ཆེན་པོས་བརྟན་གྱིས་མདུན་སྐྱོད་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས།བློ་བརྟན་འགྱུར་མེད་དང་ཡིད་ཆེས་བརྟན་པོ་གཡོ་འགུལ་མེད་པ་བྱས་ནས་བར་ཆད་དང་འཕྲད་ནའང་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པ་དང་།དཀའ་ངལ་དང་འཕྲད་ནའང་དཀའ་ཚེགས་ཆེ་རུང་མགོ་མི་སྒུར་བ་བྱེད་དགོས།རྒྱུན་འཁྱོངས་ལྷོད་མེད་བྱས་ནས་གཏན་འཁེལ་བྱས་ཟིན་འདི་མཐར་ཕྱིན་པ་འཛིན་དགོས།སྙིང་རུས་ལྷོད་མེད་བྱས་ཏེ་ཚིག་ཐག་བཅད་པ་འདི་ལྷོད་གཡེང་བྱེད་མི་ཉན།སྤྱིར་བཏང་གི་བྱ་བ་འདི་ལན་བརྒྱ་བསྒྲུབས་ན་སྤྱིར་བཏང་མིན་པར་འགྱུར་བ་དང་།སྟབས་བདེའི་བྱ་བ་འདི་ལན་བརྒྱ་ལས་ན་སྟབས་མི་བདེ་བར་འགྱུར་པར་བརྟེན།བསྐྱར་ཟློས་བྱེད་པ་ནི་ནུས་ཤུགས་ཡིན་ལ། བརྟན་སྲུང་བྱེད་པ་ནི་རེ་བའང་ཡིན།དཔའ་ངར་ཞུམ་མེད་ཀྱིས་མདུན་སྐྱོད་བྱེད་པ་ནི་ཕུགས་འདུན་ཡིན་པ་རེད། བློ་བརྟན་ཞུམ་མེད་བྱས་ནས་འགོག་ཤུགས་ཅི་འདྲ་ཞིག་དང་འཕྲད་ན་ཐོག་མཐའ་བར་གསུམ་དུ་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་ནས་སྤོབས་པ་ཆེན་པོས་མདུན་སྐྱོད་བྱས་མཐར།སྲ་བརྟན་གྱིས་མདུན་སྐྱོད་བྱེད་རྒྱུ་འདི་ཁུལ་ཡོངས་ཀྱི་མི་དམངས་ཚོའི་གཤིས་ཀའི་བརྩོན་ལེན་དུ་འགྱུར་པ་བྱེད་དགོས།
  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་དམངས་འཚོའི་འགན་སྲུང་ལས་ཀ་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།: རང་ཁུལ་གྱི་མང་ཚོགས་ལས་ཀར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཁས་ལེན་གང་ལེགས་གནང་བ།
  • དོ་སྣང་ཆེ་བའི་རྩོམ།