ཨ་ཀིན་ཐིན་གྱི་རྒྱལ་ས་ནས་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི3རྐྱེན་ལམ་དུ་ཤོར།

    མཚོ་སྔོན་བོད་སྐད་རླུང་འཕྲིན    2013-06-14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཀིན་ཐིན་གྱི་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ཡི་ཉེ་འདབས་ས་ཁུལ་ནས་ཚེས13ཉིན་གྱི་སྔ་དྲོར་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི3རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི155ལ་རྨས་ཕོག དེའི་ནང་མི4ཡི་རྨས་སྐྱོན་ཚབས་ཆེན་རེད། མིག་སྔར་ད་རུང་འགྲུལ་བ་ལ་ལ་མེ་འཁོར་ནང་དུ་བཅུག་ཡོད།

ཨ་ཀིན་ཐིན་ནང་སྲིད་པུའུ་ཡི་པུའུ་ཀྲང་ཧྥོ་ལོ་ལོན་ཞི་ཨོ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དོན་རྐྱེན་དེ་རྒྱལ་སའི་ནུབ་ངོས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཡོད་པའི་མེ་འཁོར་ས་ཚིགས་ཤིག་ནས་བྱུང་བ་དང་། འགྲུལ་བ་དྲུད་ཡོད་པའི་མེ་འཁོར་ཞིག་མེ་འཁོར་ས་ཚིགས་སུ་སླེབ་སྐབས་ས་ཚིགས་དེར་བསྡད་ཡོད་པའི་མེ་འཁོར་ཞིག་དང་ཐོ་བརྒྱབ་པ་རེད། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།

མེ་འཁོར་ས་ཚིགས་ཀྱི་ལས་བྱེད་མི་སྣས་བཤད་རྒྱུར། མེ་འཁོར་ས་ཚིགས་སུ་ཐོན་པའི་མེ་འཁོར་གྱི་འགག་ཟྭའི་མ་ལག་ལ་ཆག་སྐྱོན་བྱུང་བ་ནི་ཐེངས་འདིའི་དོན་རྐྱེན་གྱི་འབྱུང་རྐྱེན་གཙོ་བོ་རེད་ཟེར།  །  
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ཨེ་སེ་ཨོ་ཕུ་ཡའི་ཙུང་ལིས་དང་གྲོས་མོལ་མཛད་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་དམངས་སྲོལ་རིག་གནས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།