ངལ་རྩོལ་ནང་ཉེ་གཉེན་བརྩི་དུང་ཇེ་ཟབ་བཅངས།

( ལྷ་འཛོམས་ཀྱིས་བསྒྱུར།)        2013-03-28

--ཁྲེན་ཀྲུང་དབྱིས་ཕྱག་ཕྲེང་རྫོང་གི་ཆེན་སྟོད་ཤང་དུ་ཉེ་གཉེན་སྒྲིག་ས་ཕྱིན་པའི་གནས་ཚུལ་བཀོད།
ཟླ་བ3པའི་ཚེས13ཉིན།ཁུལ་ཨུའི་རྒྱུན་ཨུ།ཁུལ་རྩ་འཛུགས་པུའུ་ཀྲང་ཁྲེན་ཀྲུང་དབྱིས་གཞི་རིམ་གྱི་ཏང་འཛུགས་ལས་ཀར་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས།ཁོམ་དུས་སུ་ཡང་བསྐྱར་ཕྱག་ཕྲེང་རྫོང་གི་ཆེན་སྟོད་ཤང་འབུ་རུང་སྒང་གྲོང་སྡེའི་ཉེ་གཉེན་ཁྱིམ་དུ་ཕེབས་ནས་ཁྱིམ་མི་དང་མཉམ་དུ་ཁ་བརྡ་ལབ་ནས་བདེ་སྡུག་འདྲིས།སྟག་སྟག་གྲོང་སྡེ་དེ་གྲོང་སྐོར་གཞུང་ལམ་ལས་པ་དང་འཕྲད་དེ་ཁྲེང་ཀྲུང་དབྱིས་མི་སེར་ཚོ་དང་མཉམ་དུ་གཞུང་ལམ་ལས་ཀའི་ནང་ཞུགས།
ངལ་རྩོལ་ནི་མང་ཚོགས་དང་ལས་བྱེད་པའི་སེམས་མཐུན་འབྲེལ་བཟང་ཡིན།
དཔྱིད་ཟླ་གསུམ་པའི་ཕྲག་ཕྲེང་རྫོང་དུ་ཉི་མ་དྲོད་ཅིང་ལྕང་མ་སྔོ་སེང་སེང་ཡིན་པ།ལམ་འགྲམ་དུ་ཁྲེང་ཀྲུང་དབྱིས་ལམ་ལས་པའི་མི་སེར་ཁྲོད་དུ་སྐབས་རེ་ས་རྐོས་པ།སྐབས་འགར་ས་ཕྱག་བ།སྐབས་འགར་རྡོ་ཁུར་ཏེ་ལམ་འགྲམ་ལ་བརྩེགས་པ།ཉེ་གཉེན་ཨ་མ་རྒན་མོ་ཞིག་གིས་པུའུ་ཀྲང་ལགས།ཁྱེད་ལས་ཀ་ཧུར་པོ་རེད་ཨ།ཞེས་བསྟོད་ར་ཡང་ཡང་བྱེད།ཁྲེང་ཀྲུང་དབྱིས་ང་ཁྱེད་རང་ཚོ་དང་འདྲ་འདྲ་རེད།ཁྱིམ་ཚང་ཞིང་པ་ཡིན་པས།ཆུང་དུས་ངལ་རྩོལ་སྐར་མ་རྒྱག་སར་འགྲོ་མྱོང་ཞེས་དགོད་ཅིང་བཤད།གྲོང་མི་ཚོས་ཚོར་སྣང་ཟབ་མོ་ཐེབས་བཞིན་དུ་སྔོན་མ་ང་ཚོས་འགོ་ཁྲིད་ལ་སྐྲག་པ།ཐེངས་འདིར་པུའུ་ཀྲང་ཁྲེང་ལགས་མཐོང་དུས་དོགས་པ་ཅི་ཡང་མེད་སོང་བ།ངོ་མ་འགོ་ཁྲིད་དང་མི་སེར་འདྲ་འདྲ་རེད་འདུག
ངལ་རྩོལ་ནི་དྲིལ་བསྒྲགས་སློབ་གསོའི་ཉེ་ལམ་རེད།
ངལ་གསོ་དུས།མི་སེར་ཚང་མ་ཁྲེང་ཀྲུའུ་དབྱི་སྐོར་ནས་བསྡད་དེ་ཁོང་དང་ཁ་བརྡ་ལབ།ཁོང་གིས་ཉོན་བདེ་གོ་སླ་བའི་ཁ་སྐད་ཐོག་ནས་མི་སེར་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་དང་ཁུལ་ཡོངས་ཀྱི་ནུས་ཤུགས་བཏོན་ནས་མང་ཚོགས་ལས་ཀ་ཡོངས་སུ་སྤེལ་བ་ནས་བཟུང་གི་འཕོ་འགྱུར་བྱུང་བ་སོགས་འགྲེམ་བཤད་བྱས།དུས་མཚུངས་སུ་ཁོང་གིས་ད་དུང་མང་ཚོགས་དང་མཉམ་དུ་ཕྱུག་འགྱུར་གྱི་ཉམས་མྱོང་སྤེལ་རེས་བྱས་ནས་གྲོང་སྡེ་ཡོངས་ཀྱི་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་འཚོལ།ཁོང་གིས་མི་སེར་ཚོར་རང་སའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་འཕེལ་རྒྱས་བཏང་ནས་ཆང་བསྙལ་སའི་རྒུན་འབྲུམ་འདེབས་འཛུགས་ཚོད་ལྟ་ལས་ཀ་ཡག་མོ་སྒྲུབ་པ་དང་སྔོན་ཐོན་གྱི་ལག་རྩལ་ནང་འདྲེན་བྱས་ནས་ཐོན་ཚད་དང་སྤུས་ཚད་མཐོར་འདེགས་གཏོང་དགོས་ཞེས་སྐུལ་འདེད་བཏང་བར་མ་ཟད།ད་དུང་གྲོང་སྡེ་དེར་བོད་ཕག་དང་བོད་བྱ་གསོ་ཚགས་གཞི་ཁྱོན་ཆེ་རུ་བཏང་ནས་ཕྱུག་འགྱུར་ཡོང་འཕར་གྱི་ལམ་བུ་རྒྱ་ཆེར་གཏོང་དགོས་པའི་གྲོས་གཞི་འདོན།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་རིག་ཚོགས་ཀྱི་2013ལོའི་ལས་དོན་གྲོས་ཚོགས་དར་མདོ་ལ་འཚོགས།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་མང་ཚོགས་ལས་དོན་ཅུས་ཀྱིས་མཉམ་འཛུགས་མཉམ་སྐྲུན་གྱི་ལས་ཀར་ཐབས་ཇུས་བཏོན།
  • དོ་སྣང་ཆེ་བའི་རྩོམ།