ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་རྒྱལ་སྲུང་པུའུ་ལ་གཟིགས་སྐོར་གནང་བ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-03-26

ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་རྒྱལ་སྲུང་པུའུ་ལ་གཟིགས་སྐོར་གནང་བ།

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་སྟེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མའོ་སི་ཁི་ནས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་པུའུ་ལ་གཟིགས་སྐོར་གནང་། འདི་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་མགོ་གཙོས་ཐོག་དང་པོར་ཨུ་རུ་སིའི་རྒྱལ་སྲུང་པུའུ་ལ་གཟིགས་སྐོར་གནང་བ་རེད།
 

རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་མའོ་སི་ཁི་ནས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་པུའུ་ལ་གཟིགས་སྐོར་གནང་།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲོ་དབྱི་ཀུའུ་ཡིས་ཐོག་ཁང་ཆེན་མོའི་མདུན་ནས་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་བསྡུས། བརྗིད་ཉམས་ལྡན་པའི་དམག་དཔུང་གི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་སྐམ་མཚོ་མཁའ་གསུམ་དམག་དཔུང་གི་གཟབ་སྒྲེང་རུ་ཁག་ལ་གཟིགས་ཞིབ་གནང་། དམག་དཔུང་རོལ་མོའི་རུ་ཁག་གིས་རྒྱལ་ཁབ་གཉིས་ཀའི་རྒྱལ་གླུ་འབུད་དཀྲོལ་བྱས།

དགའ་བསུ་མཛད་སྒོའི་རྗེས་སུ། ཞི་ཅིན་ཕེན་གྱིས་ཧྲོ་དབྱི་ཀུའུ་དང་ཨུ་རུ་སིའི་མཐོ་རིམ་དམག་དཔོན་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་རྒྱལ་སྲུང་པུའུ་ལ་ལྟ་སྐོར་གྱི་གོ་སྐབས་ལྡན་པར་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་། འདི་ནི་ཙུང་ཐུང་ཕུའུ་ཅིན་གྱི་གྲོས་གཞི་ཡིན། ངས་བསམ་ན་ཐེངས་འདིའི་བྱ་འགུལ་ནི་རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་དང་ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་དང་། དམག་དཔུང་བར་གྱི་འབྲེལ་བ་ཇེ་ཟབ། དམག་དཔུང་གཉིས་ཀའི་བར་མཉམ་ལས་བྱེད་པར་ཕན་པ་ཡོད་ཅེས་གསུངས།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པའི་འབྲེལ་བའི་ཁྲོད་དུ། རྒྱལ་ཁབ་གཉིས་ཀའི་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དམིགས་བསལ་གྱི་གོ་གནས་གལ་ཆེན་ལྡན་པ་དང་། རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་རོགས་ལས་ཀྱི་ནང་དོན་དང་རྒྱབ་རྟེན་གཙོ་བོ་རེད། ཉེ་བའི་ལོ་འགར། དམག་དཔུང་གཉིས་ཀའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། ཕན་ཚུན་གྱི་མཐོ་རིམ་འཚམས་འདྲི་དང་། མི་སྣ་གསོ་སྦྱོང་། མཉམ་འབྲེལ་དམག་སྦྱོང་། དམག་དོན་ལག་རྩལ་མཉམ་ལས་སོགས་ཕྱོགས་གང་ཅིའི་མཉམ་ལས་བྱ་བ་བསྒྲུབས་པ་ཧ་ཅང་བཟང་ཞེས་བསྟན།

ཞི་ཅིན་ཕེན་གྱིས་དེང་གི་འཛམ་གླིང་སྟེང་། ཞི་བདེ་དང་འཕེལ་རྒྱས། མཉམ་ལས་བཅས་ནི་དུས་ཀྱི་འཕེལ་ཕྱོགས་ཡིན་མོད། འོན་ཀྱང་རྒྱལ་སྤྱིའི་རྣམ་པར་ལེགས་སྒྲིག་ཟབ་མོ་བྱས་ཡོད་པ་དང་། འཛམ་གླིང་སྔར་བཞིན་འདྲ་མཉམ་དང་དྲང་གཞག་མིན་ལ།  ལྷིང་འཇགས་མ་རེད། རྙོང་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་མདུན་དུ། ཀྲུང་གོ་དང་ཨུ་རུ་སིའི་རྒྱལ་ཁབ་གཉིས་ཀས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་ཤུགས་སྣོན་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ཁ་གཏད་འཇལ་དགོས། ཀྲུང་གོ་དང་ཨུ་རུ་སིའི་དམག་དཔུང་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་གཅིག་མཐུན་གྱི་ལྟ་ཚུལ་དེ་ནན་ཏན་གྱིས་དངོས་འབེབས་དང་། རྒྱལ་སྲུང་འཆར་འགོད་དང་དམག་དཔུང་བར་བརྗེ་རེས་དང་མཉམ་ལས་བཟང་བོ་བྱས་ཏེ། དམག་དཔུང་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ཡར་སྐུལ་དང་། རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་ཡར་སྐུལ་གཏོང་བར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།

མཇལ་འཕྲད་ཀྱི་རྗེས་སུ། ཞི་ཅིན་ཕེན་གྱིས་ཧྲོ་དབྱི་ཀུའུ་ཡི་འགྲོ་རོགས་འོག་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་དྲག་ཆས་སྟོབས་ཤུགས་དམག་འཐབ་བཀོད་འདོམས་ལྟེ་གནས་ལ་གཟིགས་སྐོར་གནང་།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཐན་ཙན་ནི་ཡའི་ཙུང་ཐུང་ཅི་ཁོས་ཐི་དང་གྲོས་མོལ་མཛད་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་བོད་ཡིག་ཁ་པར་གསར་འགྱུར་ཟླ3པའི་ཚེས28ཉིན་སྤེལ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།