ཡང་བསྐྱར་ཁང་ཆའོ་དང་གྱེས་པ།

སྒོམ་པ་བཀྲ་ཤིས་ཀྱིས་བསྒྱུར།    སྦྲང་ཆར།    2012-07-17

ཁོ་བོ་གོམ་པ་ཡང་མོས་འགྲོ་བ་ནི།།
ཁོ་བོ་གོམ་པ་ཡང་མོས་འོངས་པ་བཞིན།།
ཁོ་བོས་དལ་བ་དལ་བུར་ལག་པའི་བརྡ།།
བསྟན་ཏེ་ནུབ་མཁའི་སྤྲིན་པར་གྱེས་ཕྱག་ཞུས།།
ཆུ་ངོགས་གསེར་གྱི་མདངས་འཛིན་ལྕང་མ་ནི།།
ཉི་ནུབ་སྣང་བའི་ཁྲོད་ཀྱི་བག་གསར་བཞིན།།
རླབས་འོད་དང་འགྲོགས་མཚར་སྡུག་གཟུགས་རིས་དེ།།ཡང་བསྐྱར་ཁང་ཆའོ་དང་གྱེས་པ།

ཁོ་བོའི་སེམས་སུ་ཆུ་གཉེར་བཞིན་དུ་འཁྱོམས།།ཆུ་གཏིང་འདམ་སྙི་ལས་འཁྲུངས་རྩྭ་སྔོན་གྱིས།།སྣུམ་བག་ཤིག་ཤིག་མངོན་འདོད་རྣམ་འགྱུར་ངོམ།།
ཁང་ཆུའི་མཉེན་ལྕུག་རླབས་ཕྲེང་གཡོ་བ་རུ།།
ཁོ་བོ་ཆུ་རྩྭ་རྐང་ཞིག་བྱེད་སྙིང་འདོད།།
ཡོ་འབོག་གྲིབ་བསིལ་འོག་གི་ཆུ་འཁྱིལ་དེ།།
དྭངས་གཙང་ཆུ་མིག་མ་ཡིན་ནམ་མཁའི་འཇའ།།
ཁར་གཡེང་ཆུ་རྩྭའི་གསེང་དུ་གཏོར་པ་ཡིས།།
འཇའ་ཚོན་ལྟ་བུའི་རྨི་ལམ་གཏིང་ན་ལྷམ།།
ཁེམ་རིང་ཞིག་གིས་བསྐུལ་ཅིང་སྔོ་ལྗང་རྩྭ།།
ལྷག་པར་སྔོ་སའི་མགོ་ཁུངས་དལ་བུར་སྙེག།།
སྐར་འོད་གྲུ་གང་དྲངས་ཤིང་སྐར་འོད་དང་།།
བསྡོངས་ནས་གཞས་གཏོང་རྨི་ལམ་འཚོལ་བྱེད་དམ།།
འོན་ཀྱང་ཁོ་བོས་གཞས་གཏོང་མི་ནུས་ཏེ།།
ཁུ་སིམ་ཉིད་ནི་འབྲལ་ཁའི་རོལ་མོ་ཡིན།།
དབྱར་ཁའི་འབུས་ཀྱང་ངེད་ཕྱིར་ངག་སྒོ་བསྡམས།།
དབེན་པར་གནས་པ་དོ་ནུབ་ཁང་ཆའོ་ལགས།།
ཁོ་བོ་ཁ་ཁུ་སིམ་པོར་འགྲོ་བ་ཡིན།།
ཁོ་བོ་ཁ་ཁུ་སིམ་པོར་འོངས་པ་བཞིན།།
ཁོ་བོས་ཕུ་རུང་གཡུག་གཡུག་ཅིག་བྱས་ཏེ།།
སྤྲིན་པ་དུམ་བུ་ཙམ་ཞིག་འཁྱེར་མིན་ནོ།།
 དངོས་སྦྱོང་སློབ་མ་ལྷ་སྐྱིད།
  • ལེ་ཚན་སྔོན་མ།:གསེར་མདོག་གི་ཡུལ་ལྗོངས།
  • ལེ་ཚན་རྗེས་མ།:ཡང་བསྐྱར་ཁང་ཆའོ་དང་གྱེས་པ།