སྲིད་གྲོས་སྐབས་བཅུ་གཉིས་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་དར་མདོར་མཇུག་བསྒྲིལ།

ཡེ་མགོན་དང་ཀུན་དགའ།        2012-01-04

ཟླ་བ་དང་པོའི་ཚེས3ཉིན་གྱི་ཕྱི་དྲོར།སྲིད་གྲོས་སྐབས་བཅུ་གཉིས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོར་མཇུག་བསྒྲིལ་བ་རེད།
    ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་དབྱི་ཧྥན།ལིའུ་ཁྲང་ཙེ།ཧྥན་ཝུན་ཧྭ།རྒྱལ་བསྟན་བློ་བཟང་བྱམས་པ།ཀྲོའུ་ཏུང་ཞིའུ།རྡོ་རྗེ་བཀྲ་ཤིས།བློ་བཟང་ཆོས་འཕེལ།ཅང་ཞིའུ་དབྱིན།ཀྲའོ་པིང་།སུན་ཧྥེ།དབྱང་ཞུའེ་ཁང་།ལིའུ་ཡུང་བཅས་རེད།
     ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་དང་སྐབས་བཅུ་གཅིག་པའི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨ་རྒྱས་ཕུན་ཚོགས་རྣམ་གཉིས་གདན་ཞུ་ལྟར་ཚོགས་ཆེན་ལ་ཞུགས་པས་མ་ཚད་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ་རེད།
     ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད་དང་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་པོས་གྲོས་གཞི་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སེང་གྲོས་འཆམས་བྱུང་བ་རེད།ལིའུ་ཏའོ་ཕིང་གིས་མཇུག་བསྒྲིལ་བའི་ཚོགས་ཆེན་ཐོག་གལ་ཆེའི་གསུང་བཤད་གནང་བ་རེད།ཁོང་གིས་དང་ཐོག་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཚབ་མཛད་ནས་གསར་དུ་བདམས་ཐོན་བྱུང་བའི་ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཚོགས་པར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།སྲིད་གྲོས་སྐབས་བཅུ་གཉིས་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་དར་མདོར་མཇུག་བསྒྲིལ་བ།ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་སྲིད་གྲོས་ལའབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་དགོས།སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཉིས་ལ་དམིགས་ནས་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་བྱས་ཏེ་སྐྱེ་ཁམས་དང་འཆམ་མཐུན།བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་སྐྲུན་གང་ཐུབ་བྱེད་དགོས།
     ལིའུ་ཏའོ་ཕིང་གིས་ཐུགས་རེ་གནང་རྒྱུར།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་ཨུ་ཡོན་ཡོངས་རྫོགས་ཀྱིས་གནས་ཚུལ་ཧྲིལ་པོ་ཁོང་དུ་ཆུད་པ་བྱས་ཏེ་སྲ་ཞིང་བརྟན་ལ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྲུང་སྐྱོབ་པ་བྱེད་དགོས།ཐབས་འདོན་ཇུས་འདོན་བྱས་ནས་མཆོང་བརྒལ་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱེད་མཁན་བྱེད་དགོས།གཅེས་སེམས་མང་ཚོགས་ལ་བཅངས་ནས་དམངས་འཚོ་ལེགས་བཅོས་བྱེད་མཁན་གྱི་ལག་ལེན་པ་བྱེད་དགོས།མཐུན་སྒྲིལ་དམངས་གཙོ་བྱས་ནས་འཆམ་མཐུན་གྱི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་མཁན་བྱེད་དགོས།དགེ་མཚན་འདོན་སྤེལ་བྱས་ནས་རིག་གནས་དར་རྒྱས་གཏོང་བར་བྱས་རྗེས་འཇོག་མཁན་བྱེད་དགོས།འཇོན་ནུས་མཐོར་འདེགས་བྱས་ནས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་མཁན་བྱེད་དགོས།
     གསར་དུ་བདམས་ཐོན་བྱུང་བའི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱི་ཧྥན་གྱིས་གསུང་གནང་སྐབས་གསུངས་རྒྱུར།སྐབས་བཅུ་གཉིས་པའི་སྲིད་གྲོས་ཀྱིས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འགོ་ཁྲིད་འོགསྐབས་རིམ་བྱུང་གི་སྲིད་གྲོས་ཀྱི་སྲོལ་རྒྱུན་དང་ཉམས་མྱོང་།སྤྱོད་ཚུལ་བཟང་པོ་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།ཏང་ཨུས་ཐབས་ཇུས་ཅི་བཀོད་ན་སྲིད་གྲོས་ཀྱིས་དེ་གྲོས་མོལ་བྱ་རྒྱུ་དང་།སྲིད་གཞུང་གིས་ཅི་ལས་ན་སྲིད་གྲོས་ཀྱིས་དེར་རོགས་རམ་བྱ་རྒྱུ།མང་ཚོགས་ཀྱིས་རེ་བ་ཅི་འཆང་ན་སྲིད་གྲོས་ཀྱིས་དེ་འབོད་སྐུལ་བྱ་རྒྱུའི་ལས་ཀའི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས།འཕེལ་རྒྱས་གཏོང་རྒྱུ་དེ་ཨང་དང་པོར་འཇོག་རྒྱུར་འཛིན་ནས་དམངས་འཚོ་ལེགས་བཅོས་གཏོང་རྒྱུར་སེམས་ཁུར་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་དགོས།ཁུལ་ཨུ་དང་ཁུལ་དམངས་ཆེན།ཁུལ་སྲིད་གཞུང།དཀར་མཛེས་ཡན་ལག་དམག་ཁུལ་གྱི་འགོ་ཁྲིད་དང་དར་མདོར་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་ཚོགས་ཆེན་ནང་ཞུགས་པ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཆོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཚོགས་ཆེན་གྱི་གྲོས
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ར
  • དོ་སྣང་ཆེ་བའི་རྩོམ།