ཀྲུང་གོ་མི་དམངས་སྲིད་གྲོས་སྐབས་བཅུ་གཉིས་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོགས།

ཡེ་མགོན་དང་ཀུན་དགའ།        2012-01-02

ཟླ་བ12པའི་ཚེས31ཀྲུང་གོ་མི་ཆབ་སྲིད་གྲོས་མོལ་སྐབས་བཅུ་གཉིས་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོར་འཚོགས་པ་རེད།ཚོགས་ཆེན་ནང་ཞུགས་དགོས་པའི་ཨུ་ཡོན287ཡིན་པ་དང་དངོས་སུ་ཞུགས་པའི་ཨུ་ཡོན270ཡོད་པས《སྲིད་གྲོས་སྒྲིག་ཡིག》དང་མཐུན་པ་རེད།ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་དབྱི་ཧྥན་དང་ལིའུ་ཁྲང་ཙེ།ཧྥན་ཝེན་ཧྭ།རྒྱལ་བསྟན་བློ་བཟང་བྱམས་པ།ཀྲུའོ་ཏུང་ཞུའུ།རྡོ་རྗེ་བཀྲ་ཤིས།བློ་བཟང་ཆོས་འཕེལ།ཅང་ཞུའུ་དབྱིན།ཀྲའོ་པིང་།ཧྲེན་ཧྥི།དབྱང་ཞུའེ་ཁང་།ལིའུ་ཡུང་བཅས་ཀྲུའུ་ཞི་སྟེགས་བུའི་མདན་གྲལ་དུ་བཞུགས་ཡོད།གདན་ཞུ་ལྟར་ཚོགས་ཆེན་ནང་ཞུགས་པས་མ་ཚད་ཀྲུའུ་ཞི་སྟེགས་བུའི་ཐོག་ཞུགས་མཁན་གྱི་འགོ་ཁྲིད་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་དང་།དཀར་མཛེས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ།ཁུལ་སྲིད་གཞུང་།སྐབས་བཅུ་གཅིག་པའི་ཁུལ་སྲིད་གྲོས།དཀར་མཛེས་ཡན་ལག་དམག་ཁུལ།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་བཅས་ཡོད་པ་རེད།ལིའུ་ཁྲང་ཙེ་ཡིས་སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་སེང་ཞུས་པ་རེད།སྙན་སེང་ནང་བཤད་རྒྱུར།སྐབས་བཅུ་གཅིག་པའི་ཁུལ་སྲིད་གྲོས་ཀྱི་འགན་བཞེས་རིང་གི་ལོ་བཞི་ནི་རང་ཁུལ་གྱི་སྤྱིར་བཏང་མིན་པའི་ལོ་བཞི་དང་།རང་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་བའི་ཁོར་ཡུག་ལ་ཁ་གཏད་འཇལ་བ་དང་བརྟན་བརླིང་སྲུང་སྐྱོང་གི་ལས་འགན་ལྗིད་པོས་ཉམས་སད་ཐེབས་པའི་ལོ་བཞི་ཡིན་ལ།རང་ཁུལ་གྱི་སྲིད་གྲོས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་དང་།གྲུབ་འབྲས་དེ་བས་མངོན་གསལ་ཅན་ཐོབ་པའི་ལོ་བཞིའང་ཡིན་པ་རེད།གཅིག་ནི་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།ངོས་འཛིན་བྱ་རྒྱུ་མཐོ་རུ་བཏང་ནས་བསམ་བློའི་རྨང་གཞི་བརྟན་པོ་འཛིན་གང་ཐུབ་བྱས་ཡོད།གཉིས་ནི་ལྟེ་གནས་ལ་དམ་པོར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབས་ནས་མཆོང་བརྒལ་འཕེལ་རྒྱས་ཡོང་བར་ཐབས་འདོན་ཇུས་འདོན་བྱེད་ཤུགས་ཆེ་རུ་བཏང་ཡོད།གསུམ་ནི་གཙོ་གནད་དམིགས་སུ་ཐོན་པ་དང་མ་འོངས་སྔོན་མཐོང་བྱ་རྒྱུར་མཐོང་ཆེན་བྱས་ནས་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།བཞི་ནི་རང་འགུལ་གྱིས་བྱ་བ་བསྒྲུབས་པ་དང་ལས་གཉེར་ཕན་འབྲས་ཐོབ་པ་བྱས་ནས་དམངས་ཀྱི་བསམ་འཆར་དང་འཚོ་བར་དོ་ཁུར་ཧུར་ཐག་བྱས་པ་ཡིན།ལྔ་ནི་ཐོན་ཁུངས་སྙོམས་སྒྲིག་དང་།ཁྱད་ཆོས་མཚོན་པ་བྱས་ནས་རྣམ་པ་གསར་པ་སྐྲུན་གང་ཐུབ་བྱས་ཡོད།དྲུག་ནི་འགན་ནུས་བསྒྲུབས་ནས་འགན་འཁྲི་ཁུར་བ་དང་ཕན་ཚུན་རོགས་ལས་བྱས་ནས་རང་ཉིད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་བཅས་རེད།སྙན་སེང་ནང་འདས་པའི་ལོ་བཞི་རིང་གི་ལས་ཀར་ཕྱིར་མིག་བལྟས་རྗེས་བཤད་རྒྱུར།ཐོབ་པའི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པའི་དུས་མཚུངས་སུ།ང་ཚོས་གསལ་པོ་མཐོང་ཐུབ་དགོས་པ་ཞིག་ནི་གནས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་དང་རྒྱ་ཆེའི་ཨུ་ཡོན།མི་དམངས་མང་ཚོགས་ཀྱི་རེ་འདུན་དང་བསྡུར་ན།ང་ཚོའི་ལས་ཀར་ད་རུང་ཧེ་བག་དང་མི་འདང་ས་ཡོད་པར་ལྷག་བསམ་རྣམ་དག་གིས་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་བསམ་འཆར་དང་གྲོས་གཞི་བཏོན་ནས་ང་ཚོའི་ལས་ཀ་དེ་བས་ཡག་པོ་སྒྲུབ་ཐུབ་པ་བྱ་རྒྱུའི་རེ་བ་ཡོད།སྙན་སེང་ནང་ནན་གསུང་གནང་རྒྱུར།ཕྱིན་ཆད་ཀྱི་ལོ་ལྔ་ནི་རང་ཁུལ་གྱིས་ནུབ་རྒྱུད་གསར་སྦོལ་ཆེན་པོ་བྱེད་པའི་འཐབ་ཇུས་ལག་ལེན་ཟབ་མོ་བྱེད་པ་དང་།མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བ།འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་འགག་རྩའི་དུས་རིམ་དང་ཐུག་ཡོད་ལ།སྲིད་གྲོས་ལས་ཀར་བྱས་རྗེས་ཆེན་པོ་འཇོག་པའི་གལ་ཆེའི་དུས་རིམ་ཞིག་ཀྱང་ཡིན་པ་རེད།ང་ཚོས་གནས་ཚུལ་དང་ལས་འགན་གསར་པའི་མདུན་དུ་ཕྲག་ཐོག་གི་ལས་འགན་ནི་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བ་རེད།ང་ཚོས་རང་འགུལ་གྱིས་ལས་ཀ་སྒྲུབ་པ།དོན་གཉེར་གསར་སྐྲུན།ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས།གསར་སྐྲུན་འཕེལ་རྒྱས།མཆོང་བརྒལ་འཕེལ་རྒྱས་བཏང་ནས་སྐྱེ་ཁམས་དང་འཆམ་མཐུན།བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་བསྐྲུན་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས།སྙན་སེང་ནང་གསུངས་རྒྱུར།ལས་འགན་གཙོ་བོ་དང་ལས་ཀའི་བླང་བྱ་ཁོང་དུ་ཡག་དག་པ་ཆུད་པ་བྱས་ནས་སྔར་ལྷག་གིས་རྒྱལ་གཅེས་འཐབ་ཕྱོགསགཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།དམངས་གཙོ་དར་སྤེལ།མཐུན་སྒྲིལ་དམ་ཟབ།ཐུན་མོང་དུ་ངོས་འཛིན་བྱེད་པར་སྐུལ་འདེད།སྟོབས་ཤུགས་གཅིག་འདུས་ཡོང་བ་བྱས་ནས་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྒོ་ཀུན་ནས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་དང་།ཞིང་ལས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།དེང་རབས་ཀྱི་ཕྱུགས་འབྲོག་ལས་སྒོ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ཞིང་འབྲོག་ལས་སྒོའི་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བེད་སྤྱོད་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ནས་དགེ་མཚན་ལྡན་པའི་ཐབས་ཇུས་འདོན་དགོས།སྙན་སེང་ནང་ནན་གསུང་གནང་རྒྱུར།སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་གཅིག་འབྲེལ་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས།དགེ་མཚན་ལྡན་པའི་གློག་ཀླད་དྲ་འབྲེལ་གྱི་རིག་གནས་འཕེལ་རྒྱས་བཏང་ནས་མི་རིགས་ཀྱི་རིག་གནས་ཐོན་ལས་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་རྒྱུ་བཅས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས།ཤུལ་བཞག་རིག་གནས་སྲུང་སྐྱོང་དང་ཤུལ་བཞག་རིག་གནས་རེ་ཞུ་ལས་ཀར་ཆེད་དོན་ཞིབ་འཇུག་དང་ཡང་ན་རྟོག་ཞིབ་བྱེད་དགོས།མི་རིགས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་མི་རིགས་རིག་གནས་ཀྱི་ཐོན་ལས་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ་སོགས་བརྟག་དཔྱད་ཞིབ་འཇུག་གི་བྱེད་སྒོ་སྤེལ་དགོས།དམངས་འཚོ་ལེགས་བཅོས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་འགན་ནུས་སྒྲུབ་ཡས་ཀྱི་འགན་འཁྲི་བྱས་ཏེ་ལས་ཀ་སྤེལ་ནས་དམངས་འཚོ་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་དགོས།ཟོག་གོང་བརྟན་པོ་ཡོང་བ་དང་།ཚོང་རར་མཁོ་སྤྲོད།སྤྱི་ཚོགས་འགན་སྲུང་།སྤྱི་ཚོགས་རྒུད་སྐྱོབ་སོགས་ལ་ཧུར་ཐག་གིས་གྲོས་གཞི་འདོན་དགོས།སྙན་སེང་ནང་ནན་གསུང་གནང་རྒྱུར།ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་བྱས་ནས་རང་ཁུལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་འཛུགས་སྐྲུན་དང་དོ་དམ་བྱས་ཚུལ་ལ་དམིགས་ཏེ་ཧུར་ཐག་གིས་གྲོས་གཞི་བཏོན་ནས་མི་རིགས་དང་ཆོས་ལུགས་ལས་རིགས་ཨུ་ཡོན་གྱི་དམིགས་བསལ་ནུས་པ་འདོན་སྤེལ་དང་།མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན།སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།ཚོགས་ཆེན་ཐོག་ཧྥན་ཝེན་ཧྭ་ཡིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་གཞི་ལས་ཀ་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་ཞུས་པ་རེད།
  • ལེ་ཚན་སྔོན་མ།:སྐབས་བཅུ་གཉིས་པའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ལས་དཀར་མཛེས་ཁུལ་གྱི་པར་རིས།
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ད
  • དོ་སྣང་ཆེ་བའི་རྩོམ།