རྒྱལ་ཡོངས་སུ་ཁ་ལོ་བའི་ལག་འཁྱེར་འདི་རིཊ་ཁྱབ་གདལ་གཏོང་རྒྱུ་རེད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-05-13

    སྤྱི་བདེ་པུས་སྤྱི་ཟླ་5ཚེས་10ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ཤིང་། ཚོགས་ཐོག་ཏུ་སྤྱི་བདེ་པུས་ཚོད་ལྟའི་ས་ཚིགས་སུ་གློག་རྡུལ་དཔར་མའི་ཁ་ལོ་བའི་ལག་འཁྱེར་སོགས་འགྲིམ་འགྲུལ་དོ་དམ་བཅོས་བསྒྱུར་གྱི་བྱེད་ཐབས་གསར་པ་ཁག་12ཁྱབ་སྤེལ་གཏོང་རྒྱུ་ཡིན་པ་བསྟན་ཡོད། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུད་ཀྱིས་ཅུད་ཀྲང་གཞོན་པ་ལིའུ་ཡུས་ཕེང་གིས། སྤྱི་བདེ་པུས་སྤྱི་ལོ་2021ལོའི་ཟླ་6ཚེས་1ཉིན་བཟུང་། ཐེན་ཅིན་དང་ཁྲེང་ཏུའུ། སུའུ་ཀྲོའུ་བཅས་གྲོང་ཁྱེར་3དུ་གློག་རྡུལ་དཔར་མའི་ཁ་ལོ་བའི་ལག་འཁྱེར་ཚོད་ལྟ་བྱ་རྒྱུ་དང་། “ཚོད་ལྟ་བྱེད་སར་སྔོན་ལ་སྤྱོད་པ་དང་། རིམ་གྱིས་རྒྱ་བསྐྱེད་པའི་”རྩ་དོན་གཞིར་བཟུང་ནས། ཚོད་ལྟ་བྱེད་སའི་རྨང་གཞིའི་སྟེང་གོམ་གང་མདུན་སྤོས་ཀྱིས་ཆ་འཕྲིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཆ་བསྒྲིགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཉེར་སྤྱོད་རྣམ་པ་རྒྱ་བསྐྱེད་པ་བཅས་བྱས་ནས། ལོ་སྨད་དུ་ཡང་བསྐྱར་ས་ཆ་ཁ་ཤས་བདམས་ནས་ཚོད་ལྟ་བྱེད་ས་བྱེད་པ་དང་སྤྱི་ལོ་2022ལོར་རྒྱལ་ཡོངས་སུ་ཁྱོན་ཡོངས་ཁྱབ་གདལ་གཏོང་རྒྱུ་ཡིན་པ་བསྟན་ཡོད་པ་རེད།

 

རྒྱལ་ཡོངས་སུ་ཁ་ལོ་བའི་ལག་འཁྱེར་འདི་རིཊ་ཁྱབ་གདལ་གཏོང་རྒྱུ་རེད།

 

    ལིའུ་ཡུས་ཕེང་གིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་རིང་སྤྱི་བདེ་པུའི་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་“གློད་སྡོམ་ཞབས་གསུམ་”ཟབ་སྤེལ་བྱེད་པའི་བཅོས་བསྒྱུར་བཀོད་སྒྲིག་གི་བླང་བྱ་ལག་ལེན་མཐར་ཕྱིན་ཏན་ཏིག་བྱས་ནས། ཧུར་ཐག་གིས་གློག་རྡུལ་ལག་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཁྱབ་ཁོངས་སུ་སྤྱོད་རྒྱུར་སྐུལ་འདེད་གཏོང་གི་ཡོད། སྤྱི་ལོ་2020ལོར། གློག་རྡུལ་དཔར་མའི་འཕྲུལ་སྒུལ་འཁོར་རིགས་ཀྱི་བརྟག་བཤེར་མཚོན་རྟགས་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་བ་དང་། མིག་སྔར་འཁོར་བདག་དུང་ཕྱུར་3.7ལ་གློག་རྡུལ་དཔར་མའི་བརྟག་བཤེར་མཚོན་རྟགས་འཛིན་ཡིག་སྤྲད་ཡོད་པ་རེད།

 

རྒྱལ་ཡོངས་སུ་ཁ་ལོ་བའི་ལག་འཁྱེར་འདི་རིཊ་ཁྱབ་གདལ་གཏོང་རྒྱུ་རེད།

    ལིའུ་ཡུས་ཕེང་གིས། ཚོད་ལྟ་བྱེད་སར་གློག་རྡུལ་དཔར་མའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་འཁྱེར་ཁྱབ་སྤེལ་གཏོང་བ་ནི། གློག་རྡུལ་ལག་ཁྱེར་བེད་སྤྱོད་སྔར་བས་དར་ཁྱབ་གཏིང་ཟབ་གཏོང་པའི་གལ་ཆེའི་བྱེད་ཐབས་ཤིག་ཡིན་ལ། ཐེངས་འདིའི་བྱེད་ཐབས་གསར་པ་ཁག་12ཁྲོད་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པའི་ནང་དོན་ཡང་ཡིན། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ལག་འཁྱེར་ཉུང་གཏོང་གིས་དམངས་ལ་སྟབས་བདེ་བསྐྲུན་པ་ལ་སྔར་བས་སྐུལ་འདེད་བཏང་ནས། དྲ་ལམ་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་ཆེད། སྤྱི་བདེ་པུས་སྤྱི་ལོ་2021ལོའི་ཟླ་6ཚེས་1ཉིན་ནས་བཟུང་། ཐེན་ཅིན་དང་ཁྲེང་ཏུའུ། སུའུ་ཀྲོའུ་བཅས་གྲོང་ཁྱེར་3དུ་གློག་རྡུལ་དཔར་མའི་ཁ་ལོ་བའི་ལག་འཁྱེར་ཚོད་ལྟ་བྱས་ནས། ཁ་ལོ་བར་དྲ་ལམ་ནས་“ལག་འཁྱེར་སྟོན་པ”དང་“ཨང་རྟགས་”སྟོན་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། མང་ཚོགས་ཀྱི་ལས་སྒྲུབ་ཕྱིར་བསྐྱོད་ལ་སྔར་བས་སྟབས་བདེ་བསྐྲུན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཐང་གའི་རིག་གནས་ཞིབ་འཇུག་ཐད་ཀྱི་མཉམ་ལས་གལ་ཆེན་ཞིག
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་སྤྱིའི་མི་འབོར1411778724ཟིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།