སྲིད་གཞུང་གི་ལས་དོན་སྙན་ཞུ་ཡི་ནང་དོན་གནད་བསྡུས།

    བོད་ལྗོངས་ཉིན་རེའི་ཚགས་པར་ཁང་།    2021-03-06

སྲིད་གཞུང་གི་ལས་དོན་སྙན་ཞུ་ཡི་ནང་དོན་གནད་བསྡུས།

    ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འགོ་ཚུགས་ཤིང་། ཚོགས་འདུའི་ཐོག་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་དང་། ནང་དོན་རྡོག་རྡོག་གཤམ་གསལ་ཏེ། 


 

གཅིག ན་ནིང་གི་ལས་དོན་ལ་ཕྱིར་མིག་བལྟས་པ།     


རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ།

 

 


གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་རང་རྒྱལ་ཁོ་ནའི་དཔལ་འབྱོར་དངོས་སུ་འཕར་ཡོད།     


ལོ་ཧྲིལ་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2.3%འཕར་བ།     

 

ཁྲོམ་རའི་བྱེད་པོར་སྒོར་དུང་ཕྱུར་ཁྲི་2.6ལས་བརྒལ་་བའི་ཁུར་པོ་ཡང་དུ་བཏང་བ།     

   

གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1186གསར་དུ་ལས་ཞུགས་ཐུབ་པ།     

 

ལོ་སྟོད་དུ་དབུལ་སྒྲོལ་ཐུབ་མེད་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་551ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་52ཚང་མའི་དབུལ་ཞྭ་ཕུད་པ།     

 

རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྔར་བཞིན་མི་འདང་བའི་ཆ་ཡོད་པ་དང་། དཔལ་འབྱོར་སླར་གསོའི་རྨང་གཞི་དེ་ཙམ་བརྟན་པོ་མེད་པ།     


 

གཉིས། “ལོ་ལྔ་ཚན་བཅུ་བཞི་པའི་”དམིགས་ཚད་གཙོ་བོ།     


 


དཔལ་འབྱོར་འཁོར་རྒྱུག་ལུགས་དང་མཐུན་པའི་མཚམས་སུ་རྒྱུན་འཁྱོངས་བྱ་རྒྱུ།     

 

རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་65%བར་མཐོ་རུ་གཏོང་རྒྱུ།     

 

མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་1མཐོ་རུ་གཏོང་རྒྱུ།      

 

གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་5.5%ཡི་ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ།     

 

གཞི་རྩའི་རྒན་གསོ་འགན་བཅོལ་ལ་ཞུགས་ཚད་95%བར་ཟིན་པ་བྱ་རྒྱུ།     


 

གསུམ། ད་ལོའི་དམིགས་ཚད་གཙོ་བོ།   


 


རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6%ཡན་འཕར་བ་བྱ་རྒྱུ།    

 

གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1100ཡན་ལས་ཞུགས་ཐུབ་པ་བྱ་རྒྱུ།     

 

གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་ཟིན་པ་བྱ་རྒྱུ།     


རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཚད་འཇལ་ནུས་རྒྱུ་ཟད་གྲོན་3%ཡས་མས་སུ་དམའ་རུ་གཏོང་རྒྱུ།  


འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ།     


 

བཞི། ད་ལོའི་གཙོ་གནད་ལས་དོན་ཁག་གཅིག      


 


ནོར་སྲིད། ད་ལོ་ནོར་སྲིད་མཚལ་ཡིག་ལ་3.2%ཡས་མས་བཀོད་སྒྲིག་བྱ་རྒྱུ།  


དཔྱ་ཁྲལ་ཆག་ཡང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་ཁྲལ་བསྡུ་འགོ་ཚུགས་པའི་ཚད་གཞི་ཟླ་རེར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་10ནས་15ལ་མཐོ་རུ་གཏོང་རྒྱུ།  

 

གྲོན་དངུལ་གཅོག་པ། ཁེ་ལས་འབྲིང་ཆུང་གི་དྲ་ཆེན་དང་ཆེད་སྐུད་ཀྱི་ཆ་སྙོམས་འགྲོ་གྲོན་སླར་ཡང་10%གཅོག་རྒྱུ།     


འཛད་སྤྱོད། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་འཛད་སྤྱོད་ཆེ་གྲས་བརྟན་པོའི་ངང་འཕར་བ་བྱ་རྒྱུ།     

 

གསར་གཏོད། འགག་རྩའི་ལྟེ་བའི་ཁྱབ་ཁོངས་སུ་ཚད་བརྒལ་གལ་ཆེན་ཐུབ་པ་བྱ་རྒྱུ། 

 

གྲོང་གསེབ་དར་རྒྱས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་པ་བྱ་རྒྱུ།     

 

སྒོ་དབྱེ། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་སྔ་ཙམ་གོ་ཆོད་ལ་ལག་བསྟར་ཐུབ་པ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་ལ་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་རྒྱུ།  

 

ཁོར་ཡུག་སྲུང་སྐྱོང་།  བྱང་ཕྱོགས་ས་ཁུལ་དུ་དྭངས་གཙང་གི་དྲོད་རླངས་གཏོང་ཚད་70%ཟིན་པ་བྱ་རྒྱུ།     

 

སློབ་གསོ། སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་འདེད་དེ་བས་ཆེ་བ་གཏོང་རྒྱུ།     

 

སྨན་བཅོས་འགན་བཅོལ། གྲོང་མིའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་མི་རེར་ཆ་སྙོམས་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་སླར་ཡང་སྒོར་30དང་སྒོར་5སྤོར་རྒྱུ།     

 

སྡོད་ཁང་། གྲོང་ཁྱེར་ཆེན་པོའི་སྡོད་ཁང་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ། བོགས་གཏོང་ཁང་པ་ཡུན་རིང་གཏོང་བའི་ཁྲོམ་ར་ཚད་ལྡན་ངང་འཕེལ་རྒྱས་གཏོང་རྒྱུ་དང་། བོགས་གཏོང་ཁང་པའི་ཁྲལ་གྲོན་ཡང་དུ་གཏོང་རྒྱུ།  

 

རིག་རྩལ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ཞིབ་ཚགས་བྱ་རྒྱུ།

  

ཀང་ཨའོ་ཐའེ་གསུམ། དམིགས་བསལ་སྲིད་འཛིན་ཁུལ་དུ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་འབྲེལ་ཡོད་ཀྱི་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། 



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་ནང་ཕེབས་སྐབས་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་སྨན་བཅོས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་གནང་བ།
  • དོ་སྣང་ཆེ་བའི་རྩོམ།