རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲེན་ཅན་དབྱིང་གིས་གྲོས་འགོ་འདི་ལྟར་བཏོན།

ཡེ་ཤེས་མགོན་པོས་བསྒྱུར།        2021-03-05

    དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏང་རྒྱུ་དང་ཡུལ་གྲོང་དར་རྒྱས་ནུས་ལྡན་གྱིས་སྦྲེལ་མཐུད་བྱས་ཏེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་ནའང་འདྲ།འདེབ་གསོ་ལས་རིགས་འཕེལ་རྒྱས་གཏོང་ནའང་འདྲ། ང་ཚོ་ཚང་མས་འབྲེལ་དྲྭ་བཀོལ་སྤྱོད་བྱེད་ཤེས་ན་ཧ་ཅང་ཡག་པོ་རེད་ཅེས་སྤྱི་ཟླ3པའི་ཚེས4ཉིན་གསར་འགོད་པས་དྲྭ་ཐོག་ནས་པེ་ཅིང་ལ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་སུ་ཞུགས་བཞིན་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། དར་མདོ་གྲོང་ཁྱེར་གཡག་རྭ་ཡུལ་ཤོག་ཟམ་པ་དང་པོའི་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲེན་ཅན་དབྱིང་ལ་བཅར་འདྲི་བྱེད་སྐབས་དེ་ལྟར་བཤད་པ་རེད།

    ཀྲེན་ཅན་དབྱིང་གིས་བཤད་དོན། ལོ་འདི་ཁ་ཤས་རིང་།དབུལ་ཐར་འགག་སྒྲོལ་བྱུང་ནས་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་མྱོང་ཚོར་ཆེས་ཟབ་མོ་ཞིག་རེད། སྔོན་ཆད།ཟམ་པ་དང་པོའི་གྲོང་སྡེའི་སྡོད་ཁང་ཕལ་ཆེར་ཤིང་རྡོའི་ཁང་པ་ཡིན་ཞིང་། མི་ཕལ་ཆེར་ཤོས་ཀྱི་འཚོ་བ་ཡང་དཀའ་མོ་ཡིན་ལེ་རེད།ཁྱིམ་ཚང་ཁ་ཤས་ལྟོ་གོས་འཛོམས་ཙམ་གྱི་ཆུ་ཚད་ཐོག་ཡོད་པ་རེད། དེང་སང་ཟམ་པ་དང་པོའི་གྲོང་སྡེའི་ཐོག་བརྩེགས་ཁང་གྲལ་སྟར་འགྲིག་ཅིང་ཨར་འདམ་གཞུང་ལམ་ཁྱིམ་ཚང་ཐམས་ཅད་ཀྱི་སྒོ་ཁ་ལ་སླེབས་ཡོད། གཞིས་མི་ཚོའི་འཚོ་བའི་ཆ་རྐྱེན་གཞི་རྩའི་ཐོག་ནས་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟམ་པོ་དང་པོའི་གྲོང་སྡེ་ལ་དུད་ཚང139ཡི་མི་གྲངས426དེ2017ལོར་དབུལ་ཐར་བྱུང་བ་རེད། ཀྲེན་ཅན་དབྱིང་གིས་བོད་འབྲེལ་ས་ཁུལ་གྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཡར་རྒྱས་བྱུང་བ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོའི་བཀའ་དྲིན་རེད། ཁྱད་པར་དུ2019ལོར་གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་བརྒྱུད་ཡུལ་ཧྲིལ་པོ་ཤར་གཏོང་ཐུབ་ནས་ཟམ་པ་དང་པོའི་གྲོང་སྡེ་ལ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་འཁེལ་ཡོད་ཅེས་མྱོང་ཚོར་ཟབ་པོ་ཡོད་པའི་སྒོ་ནས་དེ་ལྟར་བཤད་པ་རེད། ཀྲེན་ཅན་དབྱིང་གིས་ངོ་སྤྲོད་བྱས་དོན། ཟམ་པ་དང་པོའི་གྲོང་སྡེ་ནི་དར་མདོ་གྲོང་ཁུལ་གྱི་ཉེ་འདབས་སུ་ཆགས་ཡོད་ལ། མི་རྒོད་མཚོའི་ལྗོངས་ཁུལ་དུ་འགྲོ་སའི་བརྒྱུད་ཡུལ་ཉག་ཅིག་ཡིན་པར་བརྟེན། གཡག་མདོ་མྱུར་འགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས།ཁྲེང་ཏུའུ་ནས་དར་མདོའི་བར་རླངས་འཁོར་ཆུ་ཚོད་གསུམ་ཕྱེད་ལས་མི་འགོར་བས་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་ལྟོས་བཅས་ཀྱིས་མང་དུ་ཕྱིན་པ་རེད།

    2019ལོར་གཡག་རྭ་ཡུལ་ཤོག་གིས་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་ཀྱི་མིའི་ཐེངས་གྲངས་ཁྲི10ལས་བརྒལ་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི2000ཙམ་མངོན་འགྱུར་བྱུང་སྟེ་གཞིས་མི་ཚན་པ་གཅིག་གིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བཙལ་རྒྱུ་རག་པ་དང་། གཞིས་མི་ཕལ་ཆེར་དབུལ་ཐར་འབྱོར་འབྲིང་བྱུང་བ་རེད། ཀྲེན་ཅན་དབྱིང་གིས་བོད་འབྲེལ་ས་ཁུལ་ལ་ཆ་བཞག་ནས་བཤད་ན། མིག་སྔར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་སྐབས་སུ་དཀའ་ངལ་འདྲ་མིན་སྣ་ཚོགས་དང་འཕྲད་ངེས་རེད། དེར་བརྟེན་འབྲེལ་དྲུ་བཀོལ་སྤྱོད་ཡག་པོ་བྱས་ནས་ཡུལ་གྲོང་དར་རྒྱས་གཏོང་རོགས་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།

    ཀྲེན་ཅན་དབྱིང་གིས་ངོ་སྤྲོད་བྱས་དོན། ཡུལ་སྐོར་སྣེ་ལེན་དང་འདེབས་འཛུགས། གསོ་སྤེལ་ལས་རིགས་དང་དེ་བཞིན་དུ་ཕྱི་ཕྱོགས་སུ་གླ་རྒྱག་པར་བརྟེན་ནས2020ལོར་ཟམ་པ་དང་པོའི་གྲོང་སྡེ་སྡེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར105000ལ་ཟིན་པ་རེད། གལ་སྲིད་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཡག་པོ་གཏང་ན་ངེད་གྲོང་སྡེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་ལ་ཟིན་ཐུབ་ངེས་རེད།

    མ་འོངས་པའི་སྐོར་ལ་བཤད་སྐབས།ཀྲེན་ཅན་དབྱིང་གིས་མ་འོངས་པར་ཟམ་པ་དང་པོའི་གྲོང་སྡེ་ཡིས་འབྲེལ་དྲྭའི་ནུས་པ་བཀོལ་སྤྱོད་གང་ལེགས་བྱས་ནས་ས་གནས་དེ་གའི་ཆུ་ཚད་རིག་གནས་དང་གཏེར་ཁའི་སྔོག་འདོན་བྱས་ཏེ་ཆུ་ཚད་གྲོང་རྡལ་ཆུང་ངུ་དང་གཏེར་རི་གྲོང་རྡལ་ཆུང་རུ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟླ་གསུམ་པའི་ཚེས་གསུམ་ཉིན་བསྡུས།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་མགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།