ལྷ་བཟོ་ཀུན་དགའ་ཚེ་རིང་།

ཀུན་བཟང་དཔལ་མོ།        2021-03-04

   

ལྷ་བཟོ་ཀུན་དགའ་ཚེ་རིང་།

    ཁོང་ནི་སྤྱི་ལོ་༡༩༧༦ལོར་སྡེ་དགེ་དབོན་སྟོད་ཤང་དུ་སྐྱེས། ཆུང་དུས་ནས་སྡེ་དགེ་རྫོང་ཆ་ཚང་སློབ་ཆུང་དང་། རྫོང་སློབ་འབྲིང་དུ་སློབ་སྦྱོང་བྱས། ད་ལྟ་དཀར་མཛེས་ཁུལ་རིག་གནས་ཁོང་དུ་ཕྱག་ལས་གནང་བཞིན་མཆིས།   དཀར་མཛེས་ཁུལ་དངོས་མིན་རིག་གནས་ཤུལ་བཞག་ཀརྨ་སྒར་བྲིས་ལག་རྩལ་རྒྱུན་འཛིན་པའི་ཚབ་མཚོན་མི་སྣ་ཡིན། 

     ༡༩༩༨ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་མཛེས་རིག་ཚན་ཁག་ཏུ་མཛེས་རིག་སློབ་དཔོན་ཆེན་མོ་སྨན་སྒང་ཡོན་ཏན་ཚེ་རིང་དང་། དིས་ཆུང་བུ་རྒན་རྣམ་གཉིས་གཙོས་བསྟེན་ནས་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་འབྲི་སྲོལ་དང་། རྡོ་ཚོན་ཕབ་སྦྱོར། ཚོན་མདངས་སྒྱུར་སྟངས།  བྲིས་སྐུ་སྤྱན་འབྱེད་བྱེད་སྟངས་སོགས་ཆ་ཚང་སྦྱངས། སློབ་གྲྭ་ནས་ཐོན་རྗེས་ཀྱང་གོང་ཞུས་ཀྱི་དགེ་རྒན་རྣམ་གཉིས་བཅས་དགེན་མང་པོས་ལག་ལེན་དམར་ཁྲིད་དང་མཛུབ་སྟོན་གནང་བས་ཆེད་ལས་ཀྱི་གྲུབ་འབྲས་མི་དམན་ཙམ་ཐོབ། སྤྱི་ལོ༢༠༠༣ནས་༢༠༠༨བར་ལོ་ལྔ་རིང་གེ་སར་སྟོང་ཐང་ཆེན་མོའི་ལས་གཞིར་ཞུགས་ཏེ།སྔོན་རྗེས་སུ་པེ་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་།     ཀོང་ཏུང་། ཐའེ་ཝན་སོགས་ལ་གེ་སར་སྟོང་ཐང་ཆེན་མོ་འགྲེམས་སྟོན་ལ་ཕེབས།ཁོང་གི་ཆེད་ལས་ཀྱི་ཆུ་ཚད་ཇེ་མཐོ་རུ་འགྲོ་བའི་ཕྱིར་བོད་ལྗོངས་སོགས་དགོན་སྡེ་མང་པོ་ལ་ཕེབས་ཏེ་གནའ་རབས་ཀྱི་ལྡེབས་བྲིས་རི་མོ་འབྲི་སྲོལ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས། དེ་ལྟར་ཁོང་ནི་ཉམས་མྱོང་ཅན་ལ་རིག་པ་རྒོད། དཀའ་ཐུབ་ཅན་ལ་གྲུབ་པ་མང་ཞེས་པ་ལྟར་གྱུར། ཁོང་གི་བརྩམས་ཆོས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། རྗེ་བཙུན་མི་ལ་རས་པའི་ཐང་ག་གཉིས་ལ་དཀར་མཛེས་ཁུལ་རིག་གནས་སྡེ་ཁག་གི་བྱ་དགའ་ཨང་དང་པོ་དང་གསུམ་པ་སོགས་བྱ་དགའ་རྣམ་གྲངས་མི་འདྲ་བ་མང་པོ་ཐོབ། བརྩམས་ཆོས་འགའ་འབྲེལ་ཡོད་གཤམ་སྟོན་ཁང་དང་རི་མོ་བ་འགས་ཉར་ཚགས་བྱས་ཡོད། ད་ལྟའང་པིར་རྩེ་དལ་བ་མེད་པར་ཐང་གའི་སྒྱུ་རྩལ་དར་སྤེལ་གྱི་ལས་ལ་གཞོལ་བཞིན་པའོ།།  

  • ལེ་ཚན་སྔོན་མ།:ལྷ་བཟོ་ཀརྨ་བསོད་ནམས།
  • ལེ་ཚན་རྗེས་མ།:ལྷ་བཟོ་སྨན་སྒང་བ་ཡོན་ཏན་ཚེ་རིང་།