ཁུལ་སྲིད་ཁྲིམས་ལས་དོན་དང་ཁུལ་ཡོངས་ཀྱི་ཁྲིམས་ལྟར་ཁུལ་སྐྱོང་ལས་ཀའི་གྲོས་ཚོགས་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2021-03-03

ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཕེབས་ཤིང་གསུང་བཤད་གནང་། བྱང་ཆུབ་དང་ཧྲུའུ་ཏ་ཁྲུན་གྲོས་ཚོགས་ནང་ཞུགས།

ཁུལ་སྲིད་ཁྲིམས་ལས་དོན་དང་ཁུལ་ཡོངས་ཀྱི་ཁྲིམས་ལྟར་ཁུལ་སྐྱོང་ལས་ཀའི་གྲོས་ཚོགས་འཚོགས།
གྲོས་ཚོགས་ཀྱི་ཚོགས་ར་རེད།

སྤྱི་ཟླ3པའི་ཚེས1ཉིན་ལ་ཁུལ་ཨུའི་སྲིད་ཁྲིམས་ལས་དོན་དང་ཁུལ་ཡོངས་ཀྱི་ཁྲིམས་ལྟར་ཁུལ་སྐྱོང(རྒྱལ་ཡོངས་གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུའི)ལས་ཀའི་གྲོས་ཚོགས་དར་མདོར་འཚོགས་ཤིང་། གྲོས་ཚོགས་ཐོག་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་གྲོས་ཚོགས་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ལས་དོན་གྲོས་ཚོགས་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། 2020ལོའི་སྲིད་ཁྲིམས་ལས་ཀར་ཕྱིར་དྲན་ཕྱོགས་བསྡོམས་དང2021ལོའི་ཁུལ་ཡོངས་ཀྱི་སྲིད་ཁྲིམས་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཕེབས་ཤིང་གསུང་བཤད་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བྱང་ཆུབ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་གྲོས་ཚོགས་ནང་ཞུགས་ཡོད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཁྲིམས་ལྟར་ཁུལ་སྐྱོང་ནི་དཀར་མཛེས་ཁུལ་འཆམ་མཐུན་བརྟན་བརླིང་འཚོ་སྲུང་བྱེད་པའི་ཡུན་རིང་གི་ཐབས་ཇུས་དང་གཞི་བརྟན་བྱ་ཐབས་ཤིག་ཡིན་ལ། གྲོང་ཁོངས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པའི་འཛིན་བྱ་གལ་ཆེན་ཡང་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གཅིག་ནས་ཁྲིམས་སྐྱོང་དར་ཆ་བསྒྲེངས་ནས་བཅོས་སྐྱོང་གི་རྩ་གཞི་བརྟན་པོ་དང་ཕྱོགས་བསྡུས་ཇུས་བསྟར་དང་རྩ་ལག་མཉམ་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་བཅོས་སྐྱོང་དང་རང་འགུལ་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་ཁུངས་བཅོས་སྐྱོང་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དཀར་མཛེས་ཁུལ་གྱི་བྱ་བ་མཐའ་དག་ཁྲིམས་སྐྱོང་ཅན་གྱི་ལམ་དུ་འཁྲིད་རྒྱུར་འབད་བརྩོན་བྱ་དགོས། གཉིས་ནས་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་བཅོས་སྐྱོང་དྲག་ཏུ་གཏོང་བའི་གཞིར་བརྟེན་ནས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྲུབ་པ་དང་འཕྲོད་པའི་ཁྲིམས་སྐྱོང་ཁྲིད་སྟོན་གྱི་ཚད་ལྡན་ཅན་གྱི་འགན་སྲུང་མ་ལག་འཛུགས་སྐྱོང་བྱ་དགོས། གསུམ་ནས་མང་ཚོགས་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་བཅོས་སྐྱོང་ཁྲོད་ཀྱི་དཀའ་འགག་སྒྲོལ་ཞིང་། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བར་ཉིན་རེ་བཞིན་ཇེ་མང་དུ་སོང་བའི་རེ་མཁོ་རྒྱུན་ཆད་མེད་པར་སྐོང་བ་བྱ་རྒྱུ་དེ་གཞི་འཛིན་སར་བྱས་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏང་རྒྱུ་དེ་དོན་ལ་བབ་སར་བྱས་ནས་མང་ཚོགས་ཀྱི་བདེ་རྩའི་ཁེ་ཕན་ལ་ཐུག་པའི་བདེ་འཇགས་བརྟན་བརླིང་གི་གནད་དོན་ལ་བརྩོན་དགོས། བཞི་ནས་བཅོས་བསྒྱུར་གྱི་བྱ་ཐབས་བླངས་ནས་བཅོས་སྐྱོང་གི་དཀའ་འགག་སེལ་བ་དང་། ལམ་ལུགས་དང་ནང་སྲོལ་ལ་བརྟེན་ནས་བཅོས་སྐྱོང་གི་དཀའ་འགག་བསྒྲལ་ནས་ཐོན་ཁུངས་གྲུབ་རྐྱེན་གྱི་གསོན་ཤུགས་བསླངས་ཏེ་སྤྱི་ཚོགས་བཅོས་སྐྱོང་ཀྱི་ཕན་འབྲས་དངོས་ཇེ་དྲག་ཏུ་གཏང་དགོས།

གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཚོགས་ཐོག་ད་དུང2020ལོ་འཁོར་ཁུལ་ཡོངས་ཀྱི་ཁྲིམས་ལྟར་ཁུལ་སྐྱོང་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་གནང་བ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དབུལ་ཐར་ལས་ཀའི་གཟེངས་བསྟོད་ཐོབ་མཁན་ལ་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:ན་ལོར་རང་ཁུལ་གྱི་རྒྱ་བོད་སྨན་རྫས་ཐོན་ལས་འབྲེལ་ཐག་གི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར15ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།